མགོ་ལོག་ཁུལ་གྱིས་དངུལ་ལོར་དབུལ་སྐྱོར་གནད་ཕིགས་བྱ་བར་སྐུལ་འདེད་བཏང་བ།
2016.04.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་གནད་ཕིགས་རོགས་སྐྱོར་དང་དངུལ་ལོར་ཞབས་ཞུའི་གནས་བབ་ལ་དམ་དུ་འབྲེལ་ནས། སེམས་ཞིབ་མོས་བྱ་བའི་རྐྱེན་སྲོལ་ལྔ་ལེགས་སྒྲིག་བྱེད་པ་དང་། ཤུགས་ཆེན་པོས་དངུལ་ལོར་གནད་ཕིགས་རོགས་སྐྱོར་བརྒལ་གཏོར་བྱེད་པར་སྐུལ་འདེད་གཏོང་བ། ཕན་འབྲས་ལྡན་པའི་སྒོ་ནས་ས་གནས་རང་གི་གནད་ཕིགས་རོགས་སྐྱོར་དངུལ་ལོར་ཞབས་ཞུའི་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བྱས།
ལེགས་སྒྲིག་སྡེ་ཁག་མཉམ་སྦྲེལ་རྐྱེན་སྲོལ་གྱིས་དབུལ་སྐྱོར་བཀོད་སྒྲིག་གནད་ཕིགས་ལ་སྐུལ་འདེད་བྱས་པ། ཀྲུང་གོ་མི་དམངས་དངུལ་ཁང་མགོ་ལོག་དཀྱིལ་སྙིང་ཡན་ལག་དངུལ་ཁང་གིས་སྣེ་ཁྲིད་དེ། ཁུལ་ནོར་སྲིད་དང་དངུལ་ལོར། དབུལ་སྐྱོར། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། དངུལ་ཁང་ལྟ་ཞིབ་སོགས་སྡེ་ཁག་གི་ཁུལ་ཡོངས་ཀྱི་གནད་ཕིགས་དབུལ་སྐྱོར་བྱ་བའི་དངུལ་ལོར་ཞབས་ཞུའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ།
ཁུལ་ཡོངས་ཀྱི་གནད་ཕིགས་དབུལ་སྐྱོར་དངུལ་ལོར་ཞབས་ཞུའི་བྱ་བ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས། ས་གནས་རང་གི་དོན་དངོས་དང་ལས་བསྒོའི་ཁྱད་ཆོས་ལ་དམ་དུ་སྦྲེལ་ནས། མགོ་ལོག་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་དངུལ་ལོར་ཞབས་ཞུའི་གཙོ་སྒྲུབ་དངུལ་ཁང་གི་དངུལ་ལོར་ཞབས་ཞུའི་བྱ་བ་གསར་འཛུགས་བྱེ