ན་གོར་མོའི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་བཟོ་སྐྲུན་ཁྱོན་ཡོངས་ནས་ལས་མགོ་བརྩམས།
2016.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཉེ་ལམ། ན་གོར་མོ་གྲོང་ཁྱེར་གྱིས་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་སྐུལ་སློང་ཚོགས་ཆེན་བསྡུས་ནས། གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་ལས་ཁུངས་སོ་སོར་སྐུལ་སློང་བཀའ་ཁྱབ་བཏང་། དེ་ལས་ན་གོར་མོ་གྲོང་ཁྱེར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་གནས་བཟོ་སྐྲུན་ཁྱོན་ཡོངས་ནས་ལས་མགོ་བརྩམས་པ་མཚོན་ཡོད།

ན་གོར་མོ་གྲོང་ཁྱེར་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་བཟོ་སྐྲུན་ནི་མཚོ་སྔོན་ཞིང་ཆེན་གྱི་འཛུགས་སྐྲུན་བཟོ་སྐྲུན་གཙོ་བོ་ཞིག་ཡིན་ལ། ན་གོར་མོ་གྲོང་ཁྱེར་བཙུགས་པའི་ཚུན་ལ་གྲོང་ཁྱེར་སྒྲིག་ཆས་འཛུགས་སྐྲུན་བྱེད་པའི་ཐད་ས་གནས་ཀྱིས་མ་དངུལ་བཏང་བ་ཆེས་མང་བའི་ལས་གཞི་ཞིག་ཀྱང་རེད། བཟོ་སྐྲུན་ལག་བསྟར་བྱེད་པ་དེ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བཅོས་བྱེད་པ། གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་གནས་བབ་གསར་བ་དང་མཐུན་པའི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱེད་པ་དང་། ཀྲུང་གོ་ནུབ་རྒྱུད་ས་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་གྲོང་ཁྱེར་དང་མཚོ་བོད་མཐོ་སྒང་ས་ཁོངས་རང་བཞིན་གྱི་ལྟེ་གནས་གྲོང་ཁྱེར་མྱུར་དུ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན།