མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་ཕྱུགས་ལས་གོང་འཕེལ་དུ་བཏང་ནས་འབྲོག་དམངས་ལ་བདེ་སྐྱིད་ཀྱི་ལམ་བུ་བསྐྲུན།
2016.04.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1

2009ལོར་འབྲོག་དམངས་གཏན་སྡོད་ཀྱི་ལས་གཞི་ལག་བསྟར་བྱས་པ་ནས་བཟུང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གཞིས་ཁུལ་སོ་བཞི་འཛུགས་སྐྲུན་བྱས་ལ། འབྲོག་དམངས་གཏན་སྡོད་ལས་གཞིའི་ཁྲོད་ཁྱིམ་ཚང་དྲུག་སྟོང་དྲུག་བརྒྱ་དོན་བརྒྱད་ལ་ཁང་བ་ལས། ཆ་སྙོམས་ཁང་བ་རེའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་བརྒྱད་ཅུ་ལྷག་ཡོད། དེའི་ནང་འབྲོག་དམངས་ཁྲི་གཉིས་དང་སྟོང་དྲུག་སྤར་ལ། ཐེམ་ཆེན་རྫོང་གི་འབྲུག་ལྷ་རྒྱལ་ཡང་དེའི་གྲས་ཀྱི་གཅིག་རེད། འབྲུག་ལྷ་རྒྱལ་གྱིས་བཤད་རྒྱུར། སྔོན་ཆད་ང་ཚོ་སྦྲ་ནག་ནང་སྡོད་དུས། འགྲོ་འདུག་སྟབས་མི་བདེ་མོད། སྡོད་ཁང་གསར་བའི་ནང་སྤར་བ་ནས་བཟུང་། ཆུ་དང་གློག དྲ་རྒྱ་སོགས་ཚང་མ་སྟབས་བདེ་བས། ང་ཚོས་ཏང་དང་སྲིད་གཞུང་གི་སྐུ་དྲིན་ཚོར་ཡོད་ཟེར། 

ཉེ་བའི་ལོ་ཤས་རིང་ནས་བཟུང་། མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་ལེགས་པར་འཛིན་པའི་འདུ་ཤེས་བཅངས་ནས། ཞིང་ཕྱུགས་ལས་ཀྱི་སྐྱེ་ཁམས་ལེགས་བཅོས་བྱ་བ་གནད་དུ་བཟུང་ནས། སྐྱེ་ཁམས་སྲུང་སྐྱོབ་དེ་ཞིང་ཕྱུགས་ལས་རིགས་འཕེལ་རྒྱས་ཁྲོད་འདྲེས་པར་བ