མཚོ་སྔོན་ཞིང་ཆེན་གྱིས2019ལོའི་ལོ་མཇུག་བར་དུ་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་པ་འབུམ་གསུམ་དང་ཁྲི་གཅིག་ལྷག་ས་གཞན་དུ་མངགས་ནས་ལས་ཞུགས་བྱེད་དུ་འཇུག་རྒྱུ་རེད།
2016.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས«མཚོ་སྔོན་ཞིང་ཆེན་གྱི་ས་གཞན་དུ་སོང་ནས་ལས་ཞུགས་དབུལ་ཐར་བྱེད་པའི་འགུལ་སྐྱོད་འཆར་གཞི»གཞིར་བཟུང་བ་དང་། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་དབུལ་ཕོངས་མི་གྲངས་འབུམ་ལྔ་ཁྲི་གཉིས་ཁྲོད་ཀྱི་ངལ་རྩོལ་ནུས་ཤུགས་ཡོད་པ་དང་ས་གཞན་དུ་སོང་ནས་ལས་ཞུགས་བྱེད་པའི་འདོད་བློ་ཡོད་པའི་ངལ་རྩོལ་པ་ལྷག་མར་ཁ་གཏད་དེ། རྩལ་ནུས་གསོ་སྦྱོང་དང་ས་གཞན་དུ་སོང་ནས་ལས་ཞུགས་བྱེད་པ། ལས་སྐྲུན་སྐུལ་སློང་བྱེད་པའི་སྲིད་ཇུས་བཏོན་ནས། 2019ལོའི་ལོ་མཇུག་བར་དུ། དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་པ་འབུམ་གསུམ་དང་ཁྲི་གཅིག་སྟོང་ལྔ་ས་གཞན་དུ་མངགས་ནས་ལས་ཞུགས་བྱེད་པ་དང་། མི་ཁྲི་བརྒྱད་དང་སྟོང་གཉིས་ལ་ལས་རིགས་རྩལ་ནུས་གསོ་སྦྱོང་བྱེད་ཐུབ་པར་འབད་བརྩོན་བྱས་ཏེ། ངལ་རྩོལ་པ་ལྷག་མ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་རེ་རེ་ནས་ཉུང་མཐར་ཡང་མི་གཅིག་ས་གཞན་དུ་སོང་ནས་ལས་ཞུགས་བྱེད་ཐུབ་པར་ཁག་ཐེག་བྱེད་རྒྱུ་རེད།

རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། གསོ་སྦྱོང་ཐོན་ཁུངས་དང་མ་དངུལ་ལ་གཅིག་གྱུར་འཆར་འགོད་བྱས་ནས། རྩལ་ནུས་གསོ་སྦྱོང་དང་ཡང་ན་ལས་རིགས་སློབ་གས