ཞིན་ཧེ་རྫོང་གིས་དཔལ་ཡོན་དང་འཆམ་མཐུན།མཛེས་སྡུག་གི་ཡུལ་སྐོར་ལྗོངས་ཁུལ་འཛུགས་སྐྲུན་བྱས་པ།
2016.04.13 ཁུངས། ཀློག་གྲངས། 1

སྤྲེལ་རྫོང་དགོན་ནི་མཚོ་ལྷོ་ས་ཁུལ་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་ཡིན་པ་དང་། རྒྱལ་ཁབ་རིག་དངོས་སྲུང་སྐྱོབ་ཀྱི་སྡེ་ཁག་དང་། མདོ་སྨད་རྫོང་བཞིའི་ཡ་གྱལ་ཡིན་པས་མཇལ་སྐོར་བ་དང་ལྟ་སྐོར་བ་ཟམ་མི་ཆད།  ལྷག་པར2016ལོ་ནི༼སྤྲེལ་ལོའི་གནས་སྐོར༽ལོ་ཡིན་པས་སྔར་ལས་ལྷག་པའི་མི་མང་པོ་ཞིག་གནས་འདིར་སླེབས་སྲིད་པས། རྩི་གོར་ཐང་གྲོང་བརྡལ་གྱིས་ཚོགས་འདུ་ཐེངས་མང་བསྡུས་ནས་གཙང་སྦྲ་དང་བདེ་སྲུང་སོགས་རིགས་སོ་སོའི་བྱ་བར་བཀོད་སྒྲིག་གང་ལེགས་བྱས་ཏེ་དཔལ་ཡོན་དང་འཆམ་མཐུན། མཛེས་སྡུག་གི་ཡུལ་སྐོར་ལྗོངས་ཁུལ་ཞིག་བསྐྲུན་པར་གྲ་སྒྲིག་གང་ལེགས་བྱས། 

ཚེས13ཉིན་གྱི་ཕྱི་དྲོར། འདུས་སྡེའི་ལས་བྱེད་མི་སྣ་དང་དང་བླངས་བ20ལ་ཉེ་བ་ལྷག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁུག་མ་དང་གད་སྙིགས་འཐུ་བྱེད་ཀྱི་ལག་ཆ་སོགས་བཟུང་ནས་སྐོར་ལམ་གཙང་དག་བྱེད་པའི་ལས་ལ་ཆས། ཁོ་ཚོས་དཀའ་ངལ་དང་། མི་གཙང་བ། ངལ་དུབ་སོགས་ལ་མ་འཛེམ་པར་ཤིང་སྐས་དང་རི་འདབ། གྲོག་མོ་བཅས་སུ་ཡོད་པའི་འགྱིག་ཁུག་དང་མཁོ་མེད་དངོས་ཟོག  གད་སྙིགས་སོགས་གཙང་དག་བྱས་པ་མ་ཟད། དད་ལྡན་མང་ཚོགས་ལ་དཔལ་ཡོན་ཡུལ་སྐོར་དང་། ཁོར་ཡུག་སྲུང་སྐྱོབ། གཙང་དག་བགྲོད་བདེ་ཡི་ཤེན་ཤུགས་བཟང་པོ་བཞག  གཞན་ཡང་སྒེར་གཞུང་གཉིས་ནས་མ་སྐུ