མཚོ་སྔོན་ཞིང་ཆེན་གྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་དབང་ཆར་བརྟེན་ནས་ནག་ཉེས་བཟོ་བར་གཅིག་བསྡུས་བཅོས་སྐྱོང་དང་སྔོན་འགོག་བྱེད་པར་ཤུགས་སྣོན་པའི་ཆེད་དོན་བྱ་བ་སྤེལ།
2016.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་བཞི་བའི་ཚེས་བཅུ་གཉིས་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་དང་དབུལ་སྐྱོད་སྡེ་ཁག་གིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་དབང་ཆར་བརྟེན་ནས་ནག་ཉེས་བཟོ་བར་གཅིག་བསྡུས་བཅོས་སྐྱོང་དང་སྔོན་འགོག་བྱེད་པར་ཤུགས་སྣོན་པའི་ཆེད་དོན་བྱ་བ་སྤེལ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། དབུལ་སྐྱོར་གསར་སྤེལ་ཁྱབ་ཁོངས་ཀྱི་རུལ་སུངས་ལ་ངོ་རྒོལ་དང་དྭངས་གཙང་དར་སྤེལ་བྱེད་པའི་འཛུགས་སྐྲུན་ཧུར་ཐག་གིས་སྤེལ་ཆེད། 2016ལོའི་ཟླ་དང་པོ་ནས2020ལོའི་ཟླ་བཅུ་གཉིས་པའི་བར། མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་ཞིང་ཆེན་དབུལ་སྐྱོར་ཅུའུ་གཉིས་ཀྱིས་མཉམ་དུ་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་དུས་ཡུན་ལོ་ལྔའི་དབང་ཆར་བརྟེན་ནས་ནག་ཉེས་བཟོ་བར་གཅིག་བསྡུས་བཅོས་སྐྱོང་དང་སྔོན་འགོག་བྱེད་པར་ཤུགས་སྣོན་པའི་ཆེད་དོན་བྱ་བ་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ཇུས་གཞི་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱེད་རྒྱུ་རེད།

ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནི་མཚོ་སྔོན་ཞིང་ཆེན་གྱིས་འབྱོར་འབྲིང་སྤྱི་ཚོགས་ཡོངས་འགྲུབ་བྱེད་པའི་གནད་འགག་གི་དུས་རིམ་ཡིན་པས། མ་དངུལ་གཏོང་ཚད་སྔར་ལས་ཇེ་མང་དུ་གཏོང་བ་དང་། འགག་སྒོ་སྔོན་དུ་བསྣུར་ནས་སྔོན་དུ་བཀག་