ད་ལོར་གུང་ཧོ་ནས་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་ཡོངས་སུ་ཕྱོགས་གཉིས་ཀར་རླངས་འཁོར་ཤར་གཏོང་བྱེད་ཐུབ་རྒྱུ་རེད།
2016.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

གུང་ཧོ་ནས་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་བརྡལ་ནས་མགོ་བཙུགས་ཏེ་བར་ནས་པེ་ཅིན་ནས་བོད་ལྗོངས་ཀྱི་མྱུར་བགྲོད་གཞུང་ལམ་ལས་ཆབ་ཆ་ནས་ཚྭ་ཁའི་བར་གྱི་གཞུང་ལམ་ལ་མཐུད་དེ་ཐད་ཀར་ཡུལ་ཤུལ་ཁུལ་སྐྱེ་རྒུ་གྲོང་བརྡལ་ནས་མཇུག་སྒྲིལ་ཡོད་པ་དང་། སྔོན་དཔག་བྱས་ན་གུང་ཧོ་ནས་ཡུལ་ཤུལ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཐེངས་གཉིས་པའི་ལས་གཞི་དེ་ད་ལོར་ཡོངས་འགྲུབ་བྱས་ནས་ཕྱོགས་གཉིས་ཀར་རླངས་འཁོར་ཤར་གཏོང་བྱེད་ཐུབ་རྒྱུ་རེད། གཞུང་ལམ་སྤྱི་ནི་ཕྱོགས་གཉིས་ཀའི་བགྲོད་ལམ་ཁ་ཁ་དང་རླངས་འཁོར་བཞི་བསྐྱོད་ཐུབ་པ་དང་མྱུར་ཚད་དུས་ཚོད་རེར་སྤྱི་ལེ་བརྒྱད་ཅུ་ལ་ཇུས་འགོད་དང་ཚོད་འཛིན་བྱས་ཡོད།