མགོ་ལོག་རྟ་བོར་གྲོང་རྡལ་གྱིས་གྲོང་ཁུལ་གྱི་ལྗང་མདོག་ནགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་སྤེལ།
2016.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 སྔར་ལས་ལྷག་པའི་སྒོ་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བོར་གྲོང་རྡལ་གྲོང་ཁུལ་གྱི་ལྗང་མདོག་ནགས་སྐྲུན་ཆུ་ཚད་ཇེ་མཐོར་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་མཛེས་པའི་མཁར་གྲོང་འཛུགས་སྐྲུན་དམིགས་འབེན་མངོན་འགྱུར་བྱེད་པ། ཧུར་བརྩོན་ཆེན་པོས་རྟ་བོར་གྲོང་རྡལ་ནི་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་གནས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་པ། ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ། མཁར་གྲོང་མཛེས་ལྗོངས་སྔར་ལས་ཇེ་ཡག་ལ་གཏོང་ཆེད། མགོ་ལོག་ཁུལ་རྟ་བོར་གྲོང་རྡལ་གྱིས་ལྗང་མདོག་ནགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་སྤེལ་མགོ་བརྩམས།

རྒྱུས་ལོན་བྱུང་བ་ལྟར་ན། ལྗང་མདོག་ནགས་སྐྲུན་ལས་གཞིའི་འཆར་འགོད་ཁྲོད་དུ་སྤང་ལྗོངས་དང་ར་སྐོར། སློབ་གྲྭ། གཞུང་ལམ་སོགས་ཁྱོན་བསྡོམས་ལས་གཞི་ཉེར་གཉིས་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་བཅུ་དྲུག་དང་གྲངས་ཆུང་དྲུག་ཡོད། ལས་གཞི་འདི་དག་ཡོངས་འགྲུབ་བྱེད་པར་སྤྱིའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་ལྔ་ཁྲི་གཅིག་སྟོང་བཞི་གཏོང་རྒྱུ་རེད།