མཚོ་ལྷོ་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་འཁོར་སྐྱོད་རང་བཞིན་གྱི་གནས་སྐོར་བའི་ཞབས་ཞུའི་ལྟེ་གནས་ཐོག་མ་འཛུགས་རྒྱུ་རེད།
2016.04.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་བཞི་བའི་ཚེས་བཅོ་བརྒྱད་ཉིན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གནས་སྐོར་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ས་གནས་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་འཁོར་སྐྱོད་རང་བཞིན་གྱི་གནས་སྐོར་བའི་ཞབས་ཞུ་ལྟེ་གནས་ཐོག་མ་འཛུགས་པ་མ་ཟད། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྐབས་སུ་དངོས་སུ་བཀོལ་སྤྱོད་བྱས་ཏེ། གནས་སྐོར་བ་ཚོར་རིན་མི་ལེན་པར་དབྱངས་དབུགས་འདོན་སྤྲོད་བྱེད་པ་དང་། འཁོར་སྐྱོད་རང་བཞིན་གྱི་གནས་སྐོར་ཐད་ཀྱི་འགལ་རྩོད་ཐག་གཅོད་བྱེད་པ་སོགས་ཀྱི་རྩོལ་ནུས་ཆེན་པོ་ལྔའི་ཞབས་ཞུའི་ནང་དོན་འདོན་སྤྲོད་བྱས་ནས། མཚོ་ལྷོ་ཁུལ་གྱི་གནས་སྐོར་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། འཁོར་སྐྱོད་རང་བཞིན་གྱི་གནས་སྐོར་བའི་ཞབས་ཞུ་ལྟེ་གནས་དེ་རླངས་འཁོར་གསུམ་གྱིས་གྲུབ་པ་དང་། དེར་རྩོལ་ནུས་ཆེན་པ་ལྔ་འདུ་བ་སྟེ། མགོ་སྒང་གི་དབྱངས་དབུགས་དཀོན་པའི་གནས་སྐོར་བར་རིན་མི་ལེན་པར་དབྱངས་དབུགས་འདོན་སྤྲོད་བྱེད་པ་དང་། མཐོ་སྒང་གི་མཁའ་དབུགས་མི་ཐུབ་པའི་གནས་སྐོར་བར་རིན་མི་ལེན་པར་སྨན་རྫས་སྟེར་བ། མཚོ་སྔོན་པོའི་ལྷོ་འགྲམ་རིག་མོན་གྲོང་བརྡལ་ནས་རྟ་ནག་མ་ཞང་གི་བར་མཚམས་ནས་འཁོར་སྐྱོད་ཁྲིམས་འཛིན་བྱས་ཏེ། དུས་ལྟར་གནས་སྐོར་བ་དང་ཚོང་བའི་བར