མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་བདག་དབང་དྲིལ་སྒྲོག་གི་གཟའ་འཁོར་བྱ་འགུལ་སྤེལ།
2016.04.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་བཞི་བའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་དང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའུ་གཉིས་ཀྱིས་མཉམ་འབྲེལ་གྱིས་གཙོ་སྒྲུབ་བྱས་པའི་ཤེས་བྱའི་བདག་དབང་སྲུང་སྐྱོབ་དང་བཀོལ་སྤྱོད་ལ་ཤུགས་སྣོན་དང་ཤེས་བྱའི་བདག་དབང་གི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་བརྗོད་བྱ་གཙོ་བོ་ཡིན་པའི་ཉིས་སྟོང་བཅུ་དྲུག་ལོའི་མཚོ་སྔོན་ཞིང་ཆེན་གྱི་ཤེས་བྱའི་བདག་དབང་དྲིལ་སྒྲོག་གི་གཟའ་འཁོར་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས།
ལོ་རེའི་ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་ནི་འཛམ་གླིང་གི་ཤེས་བྱའི་བདག་དབང་ཉིན་མོ་ཡིན་པ་དང་སྐབས་བཅུ་དྲུག་པའི་འཛམ་གླིང་ཤེས་བྱའི་བདག་དབང་ཉིན་མོ་བསུ་བ་དང་སྤྱི་ཚོགས་ཡོངས་ཀྱི་ཤེས་བྱའི་བདག་དབང་གི་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏང་ཕྱིར། ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་ཤེས་བྱའི་བདག་དབང་དྲིལ་སྒྲོག་གི་གཟའ་འཁོར་བྱ་འགུལ་རྩ་འཛུགས་བྱས་པ་དང་ཆེད་ཁེ་ལག་བསྟར་དང་། ཚོང་རྟགས་གྲགས་ཅན་ཇུས་འགོད་སོགས་འབྲེལ་ཡོད་ཀྱི་ཆེད་དོན་གསབ་སྦྱོང་དང་འཆད་ཁྲིད་སོགས་སྤེལ་ནས་མི་མང་པོས་ཤེས་བྱའི་བདག་དབང་སྲུང་སྐྱོབ་ལ་མཐོང་ཆེན་དང་ཤེས་བྱའི་བདག་དབང་བྱ་བར་རྒྱུས་ལོན་བྱེད་དུ་བཅུག
མཚོ་སྔོན་ཞིང་