ཆི་ལེན་རྫོང་གིས་ཆེས་ཐོག་མའི་མདའ་འཕེན་མཐུན་ཚོགས་ཀྱི་སྒོ་བྱང་བཀལ།
2016.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་དར་སྤེལ་དང་། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་བྱེད་ཆེད། ཟླ་བཞི་བའི་ཚེས་དགུ་ཉིན། ཆི་ལེན་རྫོང་གི་ཆེས་ཐོག་མའི་མདའ་འཕེན་མཐུན་ཚོགས་དེ་བོད་ཁུལ་གསང་བའི་གནས་སྐོར་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་ཟིའི་ནང་དངོས་སུ་བཙུགས་ཏེ་སྒོ་བྱང་བཀལ།
མདའ་འཕེན་ལུས་རྩལ་དེ་ཆེས་ཐོག་མའི་རྔོན་པའི་བྱ་འགུལ་ནས་ད་ལྟའི་ལུས་རྩལ་རྣམ་གྲངས་སུ་འཕེལ་རྒྱུས་བྱུང་ཡོད་པ་དང་།ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་ཏེ་ཆི་ལེན་རི་བོའི་རྩྭ་ཐང་དུ་མང་ཚོགས་ཀྱི་རྨང་གཞི་ཟབ་མོ་ཞིག་ཡོད་པས། ཐེངས་འདིའི་མདའ་འཕེན་མཐུན་ཚོགས་ཀྱང་མུ་རི་གྲོང་བརྡལ་དང་རྫ་དམར་གྲོང་བརྡལ་སོགས་ཀྱི་མདའ་འཕེན་དགའ་མོས་བ་རྣམས་ཀྱིས་རང་འགུལ་གྱིས་རྩ་འཛུགས་བྱས་ནས་བཙུགས་པའི་ཁེ་གཉེར་མིན་པའི་སྤྱི་ཚོགས་རྩ་འཛུགས་ཀྱི་ཚོགས་པ་ཞིག་ཡིན་པ་དང་། རྒྱ་ཆེའི་མདའ་འཕེན་དགའ་མོས་བ་ཕན་ཚུན་བར་གྱི་བརྗེ་རེས་དང་མདའ་རྩལ་འགྲན་སའི་སྟེགས་བུ་ཞིག་བསྐྲུན་ནས་དམངས་ཁྲོད་མདའ་འཕེན་གོ་རིམ་ཁྲིད་སྟོན་དང་ཚད་ལྡན་བྱས་ནས། དམངས་ཁྲོད་སྲོལ་རྒྱུན་མདའ་འཕེན་བྱ་འགུལ་དེ་རྒྱུད་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱས།