ཧེ་ཡན་རྫོང་དང་མཚོ་སྔོན་ཞིང་ཆེན་གནས་སྐོར་དངུལ་གཏོང་སྡེ་ཚོགས་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གསར་སྤེལ་གྲོས་མཐུན་བཀོད།
2016.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་གནས་སྐོར་དངུལ་གཏོང་སྡེ་ཚོགས་ཚད་ཡོད་ཀུང་ཟི་དང་། མཚོ་སྔོན་ཝན་ཡོན་ས་ཁང་བདག་ཁོངས་གསར་སྤེལ་ཚད་ཡོད་ཀུང་ཟི་བཅས་ཀྱིས་གསེར་དངུལ་ཐང་གི་ཉིང་རྡུལ་མཁར་གྲོང་ལྗོངས་རྒྱུ་ཁུལ་གྱི་རྒྱལ་ཁབ་ཀྱི་ཀ་རིམ་པ་ལྔའི་གནས་སྐོར་ལྗོངས་རྒྱུ་ཁུལ་དུ་འཛུགས་སྐྲུན་བྱེད་པའི་སྒྲོམ་གཞིའི་གྲོས་མཐུན་བཀོད་པ་དང་། དེས་གསེར་དངུལ་ཐང་ཉིང་རྡུལ་མཁར་གྲོང་ལྗོངས་རྒྱུ་ཁུལ་གྱི་མཉམ་ལས་གསར་སྤེལ་བྱ་བ་སྤེལ་མགོ་བརྩམས་པ་མཚོན་ཐུབ། རྒྱུས་ལོན་བྱུང་བ་ལྟར་ན། གསེར་དངུལ་ཐང་ཉིང་རྡུལ་མཁར་གྲོང་དེ་རྒྱལ་ཁབ་ཀྱི་ཀ་རིམ་པ་ལྔ་ཅན་གྱི་གནས་སྐོར་ལྗོངས་རྒྱུ་ཁུལ་དུ་འཛུགས་སྐྲུན་བྱེད་པ་ནི་མཚོ་བྱང་ཁུལ་ཏང་ཨུ་དང་། ཁུལ་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གནས་སྐོར་ཞིང་ཆེན་མིང་གྲགས་ཅན་འཛུགས་སྐྲུན་བྱེད་པའི་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་སྤྱི་ཁོག་གི་གཏན་ཁེལ་དང་བསྟུན་པ་དང་། ཧེ་ཡན་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་ད་ལོ་དང་སང་ལོའི་རྫོང་ཡོངས་ཀྱི་བྱ་བ་གཙོ་བོའི་གྲས་ཀྱི་གཅིག་ཀྱང་ཡིན་པས། ཧེ་ཡན་རྫོང་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་རྩ་འཛུགས་བྱས་ནས་ཆེད་དོན་གྲོས་ཚོགས་ཐེངས་མང་པོར་བ