མཚོ་སྔོན་འབྲེལ་འཕྲིན་ཨོ་བདེ་སྐྱིད་བོད་ཁུལ་འཁྱེར་འཕྲིན་དྲ་བའི་ཆེད་གཏོགས་མཚན་རྟགས་དང་ཐོན་རྫས་འགྲེམ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས།
2016.04.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1

 出席“沃·德吉”产品发布会领导合影.JPG

            སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་དྲིལ་སྒྲོག་གི་རྣམ་པ་མཐོར་འདེགས་དང་། དུས་ཐོག་ཏུ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བརྒྱུད་སྒྲོག་བྱས་ཏེ། བོད་རིགས་མང་ཚོགས་ཀྱི་བརྡ་འཕྲིན་འཛད་སྤྱོད་ཀྱི་དགོས་མཁོ་བསྐོང་བ་དང་། མཚོ་སྔོན་བོད་ཁུལ་གྱི་དྲ་རྒྱའི་བེད་སྤྱོད་དང་ཁྱབ་གདལ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བྱེད་ཆེད། ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་མང་ཚོགས་ལ་ཁ་ཕྱོགས་པའི་ཆེད་གཏོགས་བརྡ་འཕྲིན་ཞབས་ཞུའི་ཐོན་རྫས་ཨོ་བདེ་སྐྱིད་ཅེས་པ་དངོས་སུ་འགྲེམ་སྤེལ་བྱས།

            རྒྱལ་གཉེར་གྱི་གློག་འཕྲིན་འཁོར་རྒྱུག་ཁེ་ལས་ཆེ་གྲས་ཤིག་ཡིན་པའི་ཆ་ནས། ཀྲུང་གོའི་འབྲེལ་འཕྲིན་མཚོ་སྔོན་ཡན་ལག་ཀུང་སིས་རྒྱལ་ཁབ་ཀྱི་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་། ཏན་ཏ