རྐང་ཚ་རྫོང་གིས་དབུལ་ཕོངས་མང་ཚོགས་རང་སྟེང་གི་དབུལ་ཐར་ནུས་པ་མཐོར་འདེགས་སུ་བཏང་།
2016.04.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་མང་ཚོགས་རང་སྟེང་གི་དབུལ་ཐར་ནུས་པ་མཐོར་འདེགས་གཏོང་བ་མགོ་ཚུགས་སར་བྱས་ནས། དབུལ་ཕོངས་རོང་འབྲོག་མང་ཚོགས་གསབ་སྦྱོང་ལྟེ་གནས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་། མང་ཚོགས་རང་སྟེང་གི་དབུལ་ཐར་ནུས་པ་མཐོར་འདེགས་སུ་གཏོང་བ་གཙིགས་སུ་བཟུང་ནས། མང་ཚོགས་ལ་བརྟེན་པ་དང་མང་ཚོགས་ལ་སྐུལ་སློང་བྱས་ནས་ཡོང་འབབ་འཕར་སྣོན་ལས་ཕྱུག་པོར་འགྱུར་བ་མངོན་འགྱུར་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པར་གསོན་ཤུགས་དང་སྒུལ་ཤུགས་གསར་བ་བསྣན།

རྒྱུས་ལོན་བྱུང་བ་ལྟར་ན། དབུལ་ཕོངས་རོང་འབྲོག་མང་ཚོགས་གསབ་སྦྱོང་ལྟེ་གནས་ཀྱིས་མང་ཚོགས་དང་ཚོང་རའི་དགོས་མཁོ་ལྟར། རྩལ་ནུས་གསོ་སྦྱོང་དང་དབུལ་སྐྱོར་གསར་སྤེལ། རྒྱུན་མཐུད་ཐོན་ལས་གསོ་སྦྱོང་ཟུང་འབྲེལ་དམ་པོ་བྱེད་པ། ཚན་རིག་གིས་སློབ་ཚན་རྣམ་གྲངས་གཏན་འབེབས་བྱེད་པ། མང་ཚོགས་མི་འདྲ་བར་དམིགས་ནས་དམའ་རིམ་དང་འབྲིང་རིམ། མཐོ་རིམ་བཅས་ཀྱི་འཚོ་བའི་རྩལ་ནུས་དང་ངལ་རྩོལ་རྩལ་ནུས། ལག་རྩལ་རྩལ་ནུས་གཙོར་འཛིན་པའི་གསབ་སྦྱོང་འཛིན་གྲྭ་བསྡུས། གཅིག་བསྡུས་གསོ་སྦྱོང་དང་ཁ་ཐོར་མཛུབ་སྟོན་གཉིས་ཕན་ཚུན་ཟུང་འབྲེལ་དང་། གཅིག་བསྡུས་རིག་གཞུང་གསོ་སྦྱོང་དང་ཡུལ་དངོས་