དམངས་ཕན་རིག་མཛོད་དཔེ་ཚོགས་པར་སྐྲུན་འགྲེམས་སྤེལ་བྱས།
2016.04.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 4

ཟླ4པའི་ཚེས27ཉིན་གྱི་སྔ་དྲོར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས«དམངས་ཕན་རིག་མཛོད»ཀྱི་པར་སྐྲུན་བཞུགས་མོལ་ཚོགས་འདུ་གནའ་མཁར་ཟི་ལིང་དུ་བསྡུས་ཤིང་། འབྲེལ་ཡོད་མགོ་ཁྲིད་དང་ཆེད་མཁས་པ། རྩོམ་པ་པོ་དང་ཀློག་པ་པོའི་འཐུས་ཚབ་ལྔ་བཅུ་ལྷག་རེབ་འདིའི་བཞུགས་མོལ་ཚོགས་འདུར་ཞུགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བསོད་ནམས་ཚེ་རིང་གིས་ཚོགས་འདུར་མགོ་འཛིན་བྱས་པ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། དཔེ་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་བསོད་ལོས་དམངས་ཕན་རིག་མཛོད་ལེགས་སྒྲིག་གི་ལས་ཀའི་མགོ་མཇུག་བར་གསུམ་གྱི་བརྒྱུད་རིམ་ངོ་སྤྲོད་བྱས་པར་མ་ཟད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་མགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཆིས་ཀྲིན་ཞན་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུའུ་རིན་འཇུ་སྐལ་བཟང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་རིག་གཞུང་དུས་དེབ་ཀྱི་རྩོམ་སྒྲིག་པ་དོན་གྲུབ་ཚེ་རིང་། «བོད་ཀྱི་དམངས་སྲོལ་རིག་གནས»དུས་དེབ་ཀྱི་རྩོམ་སྒྲིག་པ་ཚེ་རྒྱལ་སོགས་ཀྱིས་དཔེ་ཚོགས་དེ་དང་འབྲེལ་བའི་སྒོ་ནས་སོ་སོ་རང་ཉིད་ཀྱི་བསམ་ཚུལ་ལྷུག་བརྗོད་བྱས་ཤིང་། མཚོ་སྔོན་དགེ་