མཚོ་སྔོན་ཞིང་ཆེན་ཕན་བདེ་སྙིང་རྗེ་སྨན་ཁང་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་རྟེན་འབྲེལ་མཛད་སྒོ་བསྡུས།
2016.04.29 ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས། 2

གསར་འགོད་པ་གནམ་སྐྱབས་རྒྱལ་དང་དཀོན་མཆོག་ཡོན་ཏན་གཉིས་ཀྱིས་བཀོད་པའི་གསར་འགྱུར།

 མཚོ་སྔོན་ཞིང་ཆེན་ཕན་བདེ་སྙིང་རྗེ་སྨན་ཁང་བཙུགས་ནས་ལོ་འཁོར་བཅུ་ལོན་པའི་རྟེན་འབྲེལ་མཛད་སྒོ་སྤྱི་ཟླ4བའི་ཚེས28ཉིན་གྱི་སྔ་དྲོ་མཚོ་སྔོན་ཞིང་ཆེན་ཕན་བདེ་སྙིང་རྗེ་སྨན་ཁང་དུ་བསྡུས་པ་དང་། སྨན་ཁང་གི་འབྲེལ་ཡོད་མགོ་ཁྲིད་དང་ལས་བཟོ་བ། ཞིང་ཆེན་གྱི་སྨན་ཁང་སོ་སོའི་འགོ་ཁྲིད་དང་ཚབ་བྱེད་མི་སྣ། ཞིང་ཆེན་འཕྲོད་བསྟེན་ཐིན་གྱི་འབྲེལ་ཡོད་འགོ་ཁྲིད། སྨྱན་བྱེད་ལས་རིགས་ཀྱི་གསར་འགོད་པ་བཅས་ཁྱོན་བསྡོམས་སྐུ་མགྲོན་བརྒྱ་ལྷག་མཛད་སྒོར་ཞུགས།

ཐེངས་འདིའི་མཛད་སྒོའི་སྟེང་། ཞིང་ཆེན་འཕྲོད་བསྟེན་ཐིན་གྱི་འབྲེལ་ཡོད་མགོ་ཁྲིད་དང་སྨན་ཁང་གི་འགོ་ཁྲིད་སོགས་ཀྱིས་སྨན་ཁང་བཙུགས་ནས་ད་ལྟའི་བར་གྱི་ལོ་ངོ་བཅུའི་རིང་གི་དཀའ་སྡུག་འབད་བརྩོན་གྱི་ལམ་བུ་དང་། མ་འོངས་བའི་ལམ་ཁ་སོགས་དང་འབྲེལ་ནས་གསུང་བཤད་གནང་བ་དང་། མཛད་སྒོ་མཇུག་རྫོགས་རྗེས་ཡོན་ཀྲང་ཤ་བོ་རྡོ་རྗེ་ལགས་ཀྱིས་སྣེ་ཁྲིད་ནས་སྨན་ཁང་གི་སྒྲིག་ཆས་སོགས་ལ་ལྟ་ཞིབ་བྱས་ལ། མཇུག་མཐར་སྨན་ཁང་གི་སྤྱིའི་གནས་ཚུལ་དང་འབྲེལ་ནས་ལོ་འདི་དག་གི་གྲུབ་འབྲས་སོགས་རྒྱ་ཆེའི་སྐུ་མགྲོན་ཡོངས་ལ་མཚམས་སྦྱོར་བྱས།

མཚོ་སྔོན་ཕན་བདེ་སྙིང་རྗ