ཆུ་དམར་ལེབ་རྫོང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རིག་གནས་བརྗེ་རེས་བྱ་འགུལ་སྤེལ།
2016.04.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་བྱ་བ་མགོ་བརྩམས་པར་རྟེན་འབྲེལ་ཞུ་ཆེད། ཟླ་བཞི་བའི་ཚེར་བརྒྱད་ཉིན། གཙང་བོ་གསུམ་གྱི་མགོ་ཁུངས་སུ་ཆགས་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སྟོད་རྫོང་དང་འབྲི་སྟོད་རྫོང་། ཆུ་དམར་ལེབ་རྫོང་བཅས་རྫོང་གསུམ་གྱིས་མཛེས་སྡུག་གི་ཆུ་དམར་ཆུ་ཁ་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རིག་གནས་བརྗེ་རེས་བྱ་འགུལ་སྤེལ།

རྫ་སྟོད་དང་འབྲི་སྟོད། ཆུ་དམར་ལེབ་བཅས་རྫོང་གསུམ་པོ་སོ་སོར་རྫ་ཆུ་དང་འབྲི་ཆུ། རྨ་ཆུའི་མགོ་ཁུངས་དང་། རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟའི་ས་ཆའི་ཁྲོད་ཚུད་པའི་ཁུལ་ཁུངས་གཙོ་བོ་ཡིན་ལ། ཀྲུང་ཧྭའི་ཆུ་གཏེར་གྱི་ཆུ་ཁུངས་ཀྱི་ལྟག་ཆུ་བསྐྱིལ་གསོག་ཁུལ་ཡང་ཡིན། རྫོང་གསུམ་གྱི་ས་ཁོངས་ནང་གི་མཐོ་སྒང་གི་ས་ངོས་ཆགས་ཚུལ་དང་སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ་བཟང་བོ་ཐོབ་ཡོད་པ་དང་། དེ་རྩ་ཆེ་བའི་མཐོ་སྒང་དངོས་རིགས་ཀྱི་གཞི་རྒྱུད་མཛོད་ཡིན་ལ། སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་བས། གཙང་གསུམ་འབྱུང་ཡུལ་དང་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བཟང་བོ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ས་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་ནི་གཙང་བོ་གསུམ་གྱི་མ