མཚོ་སྔོན་གྱི་དབུལ་ཕོངས་ནད་པས་སྨན་བཅོས་བྱེད་སྐབས་རིན་མེད་གཅིག་དང་ཉུང་གཏོང་བདུན་གྱི་སྲིད་ཇུས་བཟང་བོ་ལོངས་སུ་སྤྱད་ཆོག
2016.05.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 ཟླ་བཞི་བའི་ཚེས་ཉེར་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུན་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་དང་རོགས་སྐྱོར་དབུལ་ཐར་མཁྲེགས་གཏོར་འཆར་གཞིའི་ཁྲོད། ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་རྫོང་ཁག་ཞེ་གཉིས་ཀྱི་དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་ལ་ཡིག་ཚགས་བཟོས་ནས་བྱང་བུ་བྱིན་པ་དང་། དབུལ་ཕོངས་མི་གྲངས་འབུམ་ལྔ་དང་ཁྲི་གཉིས་ཀྱིས་སྨན་བཅོས་བྱེད་སྐབས་རིན་མེད་གཅིག་དང་ཉུང་གཏོང་བདུན་གྱི་སྲིད་ཇུས་བཟང་བོ་ལོངས་སུ་སྤྱད་ཆོག་ལ། སྲིད་ཇུས་དེ་ནི་གནད་ཕིགས་དབུལ་སྐྱོར་བྱ་བའི་ཁེབས་དགོས་པ་བཅུའི་གྲས་ཀྱི་སྲིད་ཇུས་ཡག་པོ་ཞིག་རེད།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྡེ་ཁག་གིས་ཁྱོན་ཡོངས་ནས་དབུལ་ཕོངས་ནད་པས་སྨན་བཅོས་བྱེད་སྐབས། རིན་མེད་གཅིག་དང་ཉུང་གཏོང་བདུན་གྱི་སྲིད་ཇུས་བཟང་བོ་ལག་བསྟར་བྱེད་དུས། དབུལ་ཕོངས་ནད་པར་ཡིག་ཚགས་བཟོས་ནས་བྱང་བུ་བསྐྲུན་ཏེ་སྨན་པར་བསྟེན་ཆོག་ལ། དེའི་ཁྲོད་དུ་སྤྱིར་བཏང་ཐོ་འགོད་རིན་མེད་པར་བཟོས་པ་དང་། སྨན་ཁང་དུ་བསྡད་པའི་རིང་གི་སྨན་རིན་དང་། ནད་བརྟག་རིན་པ། བརྟག་དཔྱད་རིན་པ། བཟི་སྨན་བརྒྱབ་པའི་རིན་པ། གཤགས་བཅོས་རིན་པ། སྨན་ཁང་