2016ལོའི་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་ཟླ་དྲུག་པའི་ཚེས་གཉིས་ཉིན་བསྡུ་རྒྱུ་རེད།
2016.05.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཚོང་དོན་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱེད་རྒྱུ་ཡིན་པའི2016ལོའི་ཀྲུང་གོ་མཚོ་སྔོན་བོད་ལུགས་ས་གདན་རྒྱལ་སྤྱིའི་འགྲེམ་ཚོགས་ཟླ་དྲུག་པའི་ཚེས་གཉིས་ཉིན་ནས་ཚེས་དྲུག་ཉིན་བར་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་བསྡུ་རྒྱུ་རེད། གསར་འགོད་པས་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་འགྲེམ་ཚོགས་ཀྱི་རྩ་འཛུགས་ཨུ་ཡོན་ལྷན་ཁང་ནས་རྒྱུན་ལོན་བྱུང་བ་ལྟར་ན། མིག་སྔར་གྲྭ་སྒྲིག་བྱ་བ་སྣ་ཚོགས་བདེ་བླག་ངང་སྤེལ་བཞིན་པའི་སྒང་ཡིན་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་ཚོགས་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་འགྲེམ་སྟོན་ཁང་ཀ་བ་དང་ཁ་བ། ག་བ་བཅས་གསུམ་དུ་བགོས་ནས་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་། འགྲེམ་སྟོན་ཁང་གི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་གཉིས་དང་སྟོང་གསུམ་ཉིས་བརྒྱ་རེ་ལྔ་ཡོད་ལ། སྔོན་དཔག་ལྟར་ན་འགྲེམ་གནས་དགུ་བརྒྱ་དང་བརྒྱད་འཛུགས་རྒྱུ་ཡིན་པ་དང་། ཚོང་རྫས་བཙོང་ས་ཉིས་བརྒྱ་དང་བཞི་བཅུ་འཛུགས་རྒྱུ་རེད། འགྲེམ་སྟོན་ཀ་བ་ནི་རྒྱལ་ནང་གི་ས་གདན་འགྲེམ་སྟོན་བྱེད་ས་ཡིན་པ་དང་། ཁ་བ་ནི་རྒྱལ་སྤྱིའི་སྤུས་ལེགས་ས་གདན་འགྲེམ་སྟོན་བྱེད་ས་ཡིན་ལ། ག་བ་ནི་བོད་ལུགས་ས་གདན་དང་ས་གདན་རིག་གནས་དྲིལ་སྒྲོག་ཁུལ་