མཚོ་སྔོན་གྱི་ལས་ཐོག་ལས་བཟོ་བ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་རོགས་རེས་འགན་སྲུང་འཆར་གཞི་དངོས་སུ་མགོ་བརྩམས།
2016.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་བདུན་པའི་ཚེས་གཅིག་ནས་བཟུང་། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་མཚོ་སྔོན་གྱི་ལས་ཐོག་ལས་བཟོ་བ་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་པའི་རོགས་རེས་འགན་སྲུང་འཆར་གཞི་དངོས་སུ་ལག་བསྟར་བྱེད་མགོ་རྩོམ་རྒྱུ་རེད། ཐེངས་དང་པོའི་བྱ་འགུལ་སྤེལ་དུས་ནི་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་ཉིས་སྟོང་བཅུ་བདུན་ལོའི་ཟླ་དྲུག་པའི་ཚེས་སུམ་ཅུའི་ཉིན་བར་ཡིན།

ཐེངས་དང་པོའི་བྱ་འགུལ་བདེ་ལེགས་ངང་སྤེལ་བར་ཁག་ཐེག་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་ཟླ་བཞི་བའི་ཟླ་དཀྱིལ་ནས་བཟུང་། ཁྱོན་ཡོངས་ནས་དྲིལ་སྒྲོག་སྐུལ་སློང་རྩ་འཛུགས་ལག་བསྟར་བྱ་བ་སྤེལ། རྒྱུན་མཐུད་རང་བཞིན་གྱི་བྱ་འགུལ་བརྒྱུད་དེ། སྨྱན་བྱེད་ཀྱི་ནུས་པ་བླ་ལྷག་སྒོས་འདོན་སྤེལ་བྱས་ནས། ལས་ཐོག་ལས་བཟོ་བ་སྨན་ཁང་དུ་བསྡད་ནས་སྨན་བཅོས་རོགས་རེས་འགན་སྲུང་འཆར་གཞིའི་བྱ་འགུལ་གྱི་དམིགས་འབེན་དོན་སྙིང་དང་། ཁེ་དབང་དང་འོས་འགན། བྱེད་ཐབས་ཀྱི་གོ་རིམ་བཅས་དྲིལ་སྒྲོག་ཤུགས་ཆེན་བྱས་མཐར། རོགས་རེས་རོགས་འདེགས་དཔལ་འབྱོར་ལས་བརྩེ་བ་རྣལ་མ་བསྐྲུན་པ་དང་།