མཚོ་སྔོན་གྱི་ལས་བྱེད་པ་འབུམ་གཅིག་དང་ཁྲི་བཞི་སྟོང་ལྔས་དབུལ་ཕོངས་ཁྱིམ་ཚང་འབུམ་གཅིག་དང་ཁྲི་ལྔ་སྟོང་དགུ་ལྷག་བར་རོགས་སྐྱོར་འབྲེལ་བ་བཙུགས།
2016.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་རྗེས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་སོ་སོའི་ཏང་སྲིད་ལས་ཁུངས་དང་། ཁེ་ལས་དང་ལས་དོན་སྡེ་ཁག་གི་ཏང་རྩ་འཛུགས་དང་དེའི་ཁོངས་གཏོགས་སྡེ་ཁག་གི་ཏང་རྩ་འཛུགས་ཀྱིས་ཧུར་ཐག་སྒོས་ཏང་རྩ་འཛུགས་ཀྱིས་ཁ་གཏད་རོགས་སྐྱོར་སྡེ་བ་མཉམ་འཛུགས་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་རོགས་སྐྱོར་འབྲེལ་བ་བཙུགས་ནས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པའི་རོགས་སྐྱོར་གཉིས་ཀྱི་བྱ་བ་སྤེལ། མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་འབུམ་གཅིག་དང་ཁྲི་བཞི་སྟོང་ལྔས་གནད་ཕིགས་ངོས་འཛིན་བྱས་ནས་གཏན་ཁེལ་བྱས་པའི་དབུལ་ཕོངས་ཁྱིམ་ཚང་འབུམ་གཅིག་དང་ཁྲི་ལྔ་སྟོང་དགུ་ཉིས་བརྒྱ་བར་ལས་བྱེད་པ་གཅིག་གིས་དབུལ་ཕོངས་ཁྱིམ་ཚང་གཅིག་ལ་རོགས་སྐྱོར་བྱེད་པ་དང་། ལས་བྱེད་པ་གཅིག་གིས་ཁྱིམ་ཚང་མང་པོར་རོགས་སྐྱོར་བྱེད་པ། ལས་བྱེད་པ་མང་པོས་ཁྱིམ་ཚང་གཅིག་ལ་རོགས་སྐྱོར་བྱེད་པའི་རོགས་སྐྱོར་འབྲེལ་བ་བཙུགས་པ་དང་། ལས་ཁུངས་སྟོང་བདུན་ལྷག་གི་ཏང་ཀྲི་པུའུ་ཡིས་དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་བར་ཁ་གཏད་མཉམ་འཛུགས་འབྲེལ་བ་བཙུག