མཚོ་སྔོན་གྱིས་མཁར་གྲོང་འགན་སྲུང་བདེ་སྡོད་བཟོ་སྐྲུན་འཛུགས་སྐྲུན་བྱ་བ་བཟང་བོར་སྤེལ།
2016.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 ད་ལོའི་དུས་ཚིགས་གཅིག་གི་རིང་ལ། མཚོ་སྔོན་གྱི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་སྡེ་ཁག་གིས་མཁར་གྲོང་སྡོད་ཁང་འགན་སྲུང་བྱ་བར་ཤུགས་ཆེན་པོའི་ཡར་སྐུལ་བྱས་ཏེ། གྲོང་ཁྱེར་གྱི་ཁང་རྙིང་ཁུལ་ལེགས་བཅོས་དང་མཁར་གྲོང་འགན་སྲུང་སྡོད་ཁང་གི་ཆ་ཚང་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་བརྒྱུད། རོང་འབྲོག་པའི་ཁང་རྙིང་དང་ཉེན་ཁ་ཆེ་བའི་ཁང་བ་ཞིག་གསོ་དང་། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་བྱ་བ་བདེ་ལེགས་ངང་སྤེལ་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་གྱིས་ཁྱིམ་ཚང་ཁྲི་བརྒྱད་དང་ཉིས་བརྒྱ་གྱ་གཅིག་གི་ཁང་རྙིང་བསྒྱུར་བཀོད་བྱས་པ་དང་། ཟླ་གཉིས་པའི་ཟླ་མཇུག་གི་སྔོན་ལ། གྲོང་ཁྱེར་ཁང་རྙིང་ས་ཁུལ་ལེགས་བཅོས་འཛུགས་སྐྲུན་འཆར་གཞི་ཚང་མ་རྫོང་ཁག་སོ་སོར་བཏོན་ཡོད། མིག་སྔར། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་་ལོ་སྟོད་མཐའ་སྡོམ་རྩིས་སྤྲོད་ལས་གཞི་ཕྱོགས་ཡོངས་ནས་བསྐྱར་གསོ་བྱས་ཡོད་ཅིང་། གསར་བསྣན་ལས་གཞིའི་ཁྲོད་དུ། ཁྱིམ་ཚང་ཁྲི་གཅིག་དང་སྟོང་བརྒྱད་ཉིས་བརྒྱ་ཡི་སྡོད་ཁང་ཞིག་གསོ་བྱས་ཟིན་པ་དང་། ལས་མགོ་ཚུགས་ཚད་བརྒྱ་ཆའི་ཉེར་གཉིས་དང་གྲངས་ཆུང་བདུན་ལ་སོན་ཡོད་པས། ལོ་སྔོན་མ་ལས་བརྒྱ་ཆའི་སོ་གཉིས་དང་གྲ