མཚོ་སྔོན་དུ་རྒྱལ་ཁབ་རིམ་པའི་ཞབས་ཞུ་ལས་རིགས་ཚད་ལྡན་ཅན་གྱི་ཚོད་ལྟའི་ལས་གཞི་གཅིག་ཇེ་མང་དུ་སོང་།
2016.05.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 རྒྱལ་ཁབ་ཚད་ལྡན་ཅན་དོ་དམ་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ཉིས་སྟོང་བཅུ་དྲུག་ལོའི་རྒྱལ་ཁབ་རིམ་པའི་ཞབས་ཞུ་ལས་རིགས་ཚད་ལྡན་ཅན་གྱི་ཚོད་ལྟའི་ལས་གཞི་ལ་ཉེ་ལམ་ཆོག་མཆན་ཐོབ་པ་ལྟར་ན། རྒྱལ་ཡོངས་ཀྱི་ལས་གཞི་དོན་དགུ་ལ་ཆོག་མཆན་བཀོད་ཡོད་ཅིང་། དེའི་ཁྲོད་མཚོ་བྱང་ཁུལ་གྱི་གསེར་དངུལ་ཐང་མཛེས་ལྗོངས་ཞབས་ཞུ་ལས་རིགས་ཚོད་ལྟ་བྱེད་གནས་སུ་ཚུད་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། གསེར་དངུལ་ཐང་ཚོད་ལྟའི་ལས་གཞི་འཆར་འགོད་ལག་བསྟར་བྱེད་ཡུན་ནི་ལོ་གཉིས་ཡིན་པ་དང་། ཉིས་སྟོང་བཅུ་དྲུག་ལོའི་ཟླ་དང་པོའི་ཚེས་གཅིག་ནས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་ཡོངས་འགྲུབ་བྱེད་དགོས། ཚོད་ལྟ་བྱེད་གནས་འཛུགས་སྐྲུན་བྱས་པ་བརྒྱུད་དེ། ཚོད་ལྟ་བྱེད་གནས་ལས་ཁུངས་ཀྱིས་ཞབས་ཞུ་ལས་རིགས་ཚད་ལྡན་ཅན་གྱི་མ་ལག་རྩ་འཛུགས་བྱས་ནས། ཕན་འབྲས་ལྡན་པའི་སྒོ་ནས་རྒྱལ་ཁབ་ཀྱི་ཚད་ལྡན་ཚད་གཞི་དང་ལས་རིགས་ཀྱི་ཚད་ལྡན་ཚད་གཞི། ས་གནས་ཀྱི་ཚད་ལྡན་ཚད་གཞི། ཁེ་ལས་ཀྱི་ཚད་ལྡན་ཚད་གཞི་བཅས་ལོན་པར་ལག་ལེན་ལ་འདེབས་དགོས་པ་དང་། ལག་བསྟར་བྱེད་ཚད་བརྒྱ་ཆའི་དགུ་བཅུ་ལ་སླེབས་དགོས་པར་མ་ཟད། ཞབས་ཞུའི་ལས་རིགས་ཚད་ལྡན་ཅན་ཡིན་དགོས་ལ། མགྲོན་པོའི་མགུ་བཀང་ཚད་བརྒྱ་ཆའི་དགུ་ཆའི་ཡན་སླེབས་དགོས།

པར་ངོས་འདིའི་པར་དབང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་ལ་དབང་། ཆོག་མཆན་མེད་ན་ནང་དོན་གང་རུང་བརྒྱུད་འགོད་དམ་ལྐོག་སྦྲེལ་བྱས་མི་ཆོག

Copyright © 2004-2019 QHTB All Rights Reserved

举报电话:0971—6329640 版权声明 备案号:青ICP备16000104号-6 视听许可证:3010436 青公网安备 63010402000163号