དབུལ་ཕོངས་སྡེ་བའི་ལས་སྐྲུན་ཕྱུག་བསྒྱུར་སྣེ་ཁྲིད་མི་སྣ་དང་དབུལ་ཕོངས་ན་གཞོན་གྱི་ཉེར་སྤྱོད་རྩལ་ནུས་གསོ་སྦྱོང་སྤེལ་མགོ་བརྩམས།
2016.05.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 2016ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བའི་ལས་སྐྲུན་ཕྱུག་བསྒྱུར་གྱི་སྣེ་ཁྲིད་མི་སྣ་དང་དབུལ་ཕོངས་ན་གཞོན་གྱི་ཉེར་སྤྱོད་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་ཐོག་མ་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་ཞིང་ཆེན་གུང་གཞོན་ཚོགས་པའི་སློབ་གྲྭ་རུ་བསྒྲུབ་མགོ་བརྩམས་པ་དང་། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་དབུལ་ཕོངས་སྡེ་བའི་ལས་སྐྲུན་ཕྱུག་བསྒྱུར་སྣེ་ཁྲིད་མི་སྣ་དང་དབུལ་ཕོངས་ན་གཞོན་བརྒྱ་དང་སུམ་ཅུས་ཞིང་ཆེན་ཕྱི་ནང་ནས་དུས་ཡུན་ཉིན་བཅུ་བཞི་རིང་གི་ཉེར་སྤྱོད་རྩལ་ནུས་གསོ་སྦྱོང་དང་ལེན་བྱེད་རྒྱུ་ཡིན་པ་དང་། དེས་གསོ་སྦྱོང་བྱ་བ་དེ་དངོས་སུ་མགོ་བརྩམས་པ་མཚོན་ཐུབ།

ཉེ་ལམ། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་དང་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ དབུལ་ཕོངས་སྡེ་བའི་ལས་སྐྲུན་ཕྱུག་བསྒྱུར་སྣེ་ཁྲིད་མི་སྣ་དང་དབུལ་ཕོངས་ན་གཞོན་གྱི་ཉེར་སྤྱོད་རྩལ་ནུས་གསོ་སྦྱོང་བཟང་བོ་སྤེལ་བའི་སྐོར་གྱི་བརྡ་སྦྱོར་སྤེལ་བ་དང་། བརྡ་སྦྱོར་ལས་2016ལོར་བསྡོམས་པས་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་སྡེ་བ་སྟོང་གཅིག་དང་དྲུག་བརྒྱ་ཉེར་གཉིས་ཀྱི་ལས་སྐྲུན་ཕྱུག་བསྒྱུར་སྣེ་ཁྲིད་མི་སྣ་དང་དབུལ་ཕོངས་ན་གཞོན་སྟོང་གཅིག་དང་བདུན་བརྒྱར་གསོ་ས