མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་དམངས་ཕན་ཐབས་ཇུས་བཏོན་ནས་ཕན་འབྲས་མངོན་གསལ་བླངས།
2016.05.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་སྔོན་བསྐྱོད་དཔོན་གནས་དམ་བཟུང་དང་། རྒྱལ་ཡོངས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་དངུལ་གཏོང་འཛད་སྤྱོད་ལ་ཡར་སྐུལ་བཏང་ནས། བརྟན་འཇགས་ངང་འཕར་སྣོན་ཡོང་བར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། བརྟན་འཇགས་ཀྱི་ཁྲོད་ནས་འཕར་སྣོན་ཡོང་བར་བྱེད་པ་དང་། སྒྲིག་གཞི་ལ་སྙོམ་སྒྲིག་བྱེད་པ། དམངས་ཚིས་དམངས་ཕན་སོགས་ཀྱི་ཐད་སྟོབས་ཤུགས་གང་ཡོད་བཏོན་ནས། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་རིམ་ཁག་བདེ་ལེགས་ངང་སྤེལ་བཞིན་ཡོད།

གཞི་འཛིན་གྲངས་ཀ་ལྟར་ན། དུས་ཚིགས་གཅིག་རིང་གཞུང་ལམ་དང་ཆུ་ལམ་འགྲིམ་འགྲུལ་ལ་བརྟན་འཇགས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་བརྒྱད་ས་ཡ་བདུན་བཏང་ཡོད་ཅིང་། དེ་ནི་ན་ནིང་ལས་བརྒྱ་ཆའི་ཉེར་བདུན་དང་གྲངས་ཆུང་བདུན་གསུམ་གྱིས་ཇེ་མང་དུ་འཕར་ཡོད། དེའི་ཁྲོད་དུ། མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཁྲོད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་གསུམ་ས་ཡ་དགུ་བཏང་ཡོད་པ་དང་། རྒྱལ་ཁབ་ཀྱི་ལམ་དང་ཞིང་ཆེན་གྱི་ལམ་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བདུན་ས་ཡ་གཉིས་བཏང་ཡོད། སྐྱེལ་འདྲེན་ར་བའི་ས་ཚིགས་ལ་ཁྱོ