རྒྱལ་ཡོངས་དམངས་སྲིད་སྡེ་ཁག་གིས་ཁྲིམས་ལྟར་ཐོ་འགོད་བྱས་པའི་སྤྱི་ཚོགས་རྩ་འཛུགས་འབུམ་དྲུག་དང་ཁྲི་དྲུག་ལས་བརྒལ།    
2016.05.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

ཟླ་ལྔ་བའི་ཚེས་གཅིག་ཉིན་གསར་འགོད་པས་དམངས་སྲིད་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2016ལོའི་དུས་ཚིགས་དང་པོའི་བར་དུ། རྒྱལ་ཡོངས་དམངས་སྲིད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐོ་འགོད་བྱས་པའི་སྤྱི་ཚོགས་རྩ་འཛུགས་འབུམ་དྲུག་དང་ཁྲི་དྲུག་ལྷག་ལས་བརྒལ་ཡོད། དེའི་ནང་སྤྱི་ཚོགས་ཚོགས་པ་འབུམ་གསུམ་དང་ཁྲི་གཉིས་ལྷག་དང་། ཐེབས་རྩ་ཚོགས་པ་སྟོང་བཞི་དང་བརྒྱད་བརྒྱ་ལྷག དམངས་སྒྲུབ་ཁེ་ལས་མིན་པའི་ལས་ཁུངས་འབུམ་གསུམ་དང་ཁྲི་གསུམ་ལྷག་བཅས་ལ་བསླེབས་ཡོད།

དམངས་སྲིད་པུའུ་དམངས་ཁྲོད་རྩ་འཛུགས་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧོང་རུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། སྤྱི་ཚོགས་སྟོབས་ཤུགས་སྤྱི་ཚོགས་ལས་དོན་ཁྲོད་ཞུགས་པའི་ཚུལ་གལ་ཆེན་ཞིག་ཡིན་པའི་ཆ་ནས། དམངས་སྒྲུབ་ཁེ་ལས་མིན་པའི་ལས་ཁུངས་མྱུར་དུ་འཕེལ་རྒྱས་བྱུང་སྟེ། རང་རྒྱལ་སྤྱི་ཚོགས་རྩ་འཛུགས་ཀྱི་ཕྱེད་ཀར་ཟིན་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། དམངས་སྒྲུབ་ཁེ་ལས་མིན་པའི་ལས་ཁུངས་དེ་ཁེ་ལས་ལས་དོན་སྡེ་ཁག་དང་། སྤྱི་ཚོགས་ཚོགས་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་གཞན་པ། སྤྱི་དམངས་རང་སྒེར་བཅས་ཀྱིས་རྒྱལ་དབང་རྒྱུ་ནོར་མིན་པའི་རྒྱུ་ནོར་ལ་བརྟེན་ནས་བསྒྲུབས་པ་དང་། ཁེ་སྤོགས་མིན་པའི་རང་བཞིན་གྱི་སྤྱི་ཚོགས་ཞབས་ཞུའི་བྱ