ཡུས་ཧྲུའུ་གྲོང་ཁྱེར་གྱིས་དམངས་ཚིས་ལེགས་བསྒྱུར་ཐད་ནོར་སྲིད་མ་དངུལ་འབོར་ཆེན་བཏང་།
2016.05.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ད་ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱི་དམངས་ཚིས་ལེགས་བསྒྱུར་ཐད་ཀྱི་འགྲོ་གྲོན་སྒོར་དུང་ཕྱུར་བདུན་དང་བྱེ་བ་གསུམ་ལ་སླེབས་པ་དང་། དེའི་ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་འགྲོ་གྲོན་གྱི་བརྒྱ་ཆའི་བརྒྱད་ཅུ་ཙམ་ཟིན། ཡུས་ཧྲུའུ་གྲོང་ཁྱེར་གྱིས་དབུལ་སྐྱོར་དང་སློབ་གསོ། སྨན་བཅོས། ལས་ཞུགས་སོགས་ཕྱོགས་དང་དམ་དུ་དམིགས་ནས་མུ་མཐུད་དུ་འགྲོ་གྲོན་གྲུབ་ཚུལ་ལེགས་སྒྲིག་བྱས་ཏེ། དམངས་ཚིས་འགན་སྲུང་ཆུ་ཚད་མཐོར་འདེགས་བྱས།

དབུལ་སྐྱོར་ཐད་ནས་ཡུས་ཧྲུའུ་གྲོང་ཁྱེར་གྱིས་གནད་ཕིགས་ངོས་འཛིན་བྱེད་པ་གཙོར་བཟུང་བ་དང་། ཐིག་གཉིས་གཅིག་བསྡུས་ཀྱི་གནད་ཕིགས་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ། སྐོར་གཅིག་དགུ་ཡི་དབུལ་སྐྱོར་བཟོ་སྐྲུན་གོ་རིམ་ལྡན་པ་དང་སྟོབས་ཤུགས་ཡོད་པའི་སྒོ་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱས་པ་དང་། ཡུས་ཧྲུའུ་གྲོང་ཁྱེར་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་རྒྱལ་ཁ་བླངས་ནས་སྤྱི་ཡོངས་ཀྱི་དབུལ་ཐར་མངོན་འགྱུར་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི་བཏོན་ནས། དབུལ་ཕོངས་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་འདོན་སྤེལ་བྱེད་པ་དང་། ཕན་འབྲས་ལྡན་པའི་སྐུལ་སློང་རྐྱེན་སྲོལ་འཛུགས་ཆེན། ཡུས་ཧྲུའུ་གྲོང་ཁྱེར་མཐའ་སྐོར་གྱི་དབུལ་ཕོངས་སྡེ་བ་བཞིའི་གནས་སྐོར