མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་དྲིལ་སྒྲོག་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྡུས།
2016.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་དྲིལ་སྒྲོག་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་ཟི་ལིང་ནས་བསྡུས་པ་དང་། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ནས་ཡོང་བའི་དྲིལ་སྒྲོག་ལས་བྱེད་པ་རེ་གཉིས་ཀྱིས་དབང་བོ་སྐྱོན་ཅན་ལས་དོན་ཐད་ཀྱི་དྲིལ་སྒྲོག་དང་། གསར་འགྱུར་བརྙན་ལེན། གསར་འགྱུར་བཅར་འདྲི་དང་རྩོམ་འབྲི། མཉམ་འབྲེལ་དྲ་རྒྱ་བཀོལ་སྤྱོད་འོག་གི་མང་ཚོགས་ཀྱི་གླེང་ཕྱོགས་ལ་ཁ་གཏད་འཇལ་བ་སོགས་ཀྱི་ནང་དོན་ཐད་ཀྱི་གསོ་སྦྱོང་དང་ལེན་བྱས།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པའི་དམིགས་ཡུལ་ནི་ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་ལས་དོན་ཐད་ཀྱི་གསར་འགྱུར་དྲིལ་སྒྲོག་བྱ་བར་སྔར་ལས་སྐུལ་འདེད་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཁོངས་གཏོགས་ཀྱི་དྲིལ་སྒྲོག་ལས་བྱེད་པའི་ལས་སྒོའི་བྱང་ཚད་མཐོར་འདེགས་བྱས་ནས། དབང་བོ་སྐྱོན་ཅན་གྱི་གསར་འགྱུར་དྲིལ་སྒྲོག་དང་བརྒྱུད་སྒྲོག་ཐད་ནས་དབང་བོ་སྐྱོན་ཅན་དང་སྔར་ལས་ཐག་ཉེ་བར་བྱེད་པ་དང་། སྤྱི་ཚོགས་ཡོངས་ནས་དབང་བོ་སྐྱོན་ཅན་གྱི་མིའི་ལས་དོན་ལ་མཐོང་ཆེན་བྱེད་དུ་འཇུག་རྒྱུ་དེ་རེད།

ཀྲུང་གོའི་དབང་བོ་