མདོ་ལ་རྫོང་གིས་གནད་ཕིག་དབུལ་ཐར་ཞན་སའི་བར་ལ་དབུལ་སྐྱོར་འབྲེལ་བ་བཙུགས།
2016.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 བསྟུད་མུར་ཉིན་འགའི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ཁྱོན་ཡོངས་ནས་རོགས་སྐྱོར་འབྲེལ་བ་འཛུགས་པའི་གནད་ཕིག་དབུལ་སྐྱོར་བྱ་བ་བསྒྲུབས་ཏེ། ཞིང་ཆེན་དང་ཁུལ། རྫོང་བཅས་ཀྱི་ལས་བྱེད་པ་དང་རྫོང་ཡོངས་ཀྱི་དབུལ་ཕོངས་སྡེ་བ་ཞེ་ལྔ་ཡི། དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་དང་དྲུག་བརྒྱ་བདུན་ཅུ་ལྷག་གི དབུལ་ཕོངས་མང་ཚོགས་སྟོང་བཞི་དང་བརྒྱད་བརྒྱ་དྲུག་ཅུ་ལ་དབུལ་སྐྱོར་འབྲེལ་བ་བཙུགས།

བྱ་འགུལ་སྤེལ་བ་ནས་བཟུང་། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་ཞང་དང་སྡེ་བའི་གནས་ཚུལ་དངོས་ལ་རྐང་བཙུགས་ཏེ། གཞི་རིམ་ལ་བསྐྱོད་པ་དང་སྡེ་བའི་ནང་ནས་བཅའ་སྡོད་བྱེད་པ། ཞིང་བའི་ཁྱིམ་ནས་འདུག་པ་བཅས་ཀྱི་ངོས་ནས། གདན་ཕིག་དབུལ་སྐྱོར་བྱ་བ་དེ་དམངས་ཚིས་ལས་དོན་གྱི་བཟོ་སྐྲུན་གལ་ཆེན་ལ་བརྩིས་ཏེ། ལག་ལེན་དངོས་ཀྱི་སྟེང་ནས་དབུལ་སྐྱོར་བྱ་བ་བསྒྲུབས་མཐར། རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་གནད་ཕིག་དབུལ་སྐྱོར་བྱ་བ་བཟུང་བའི་རྣམ་པ་གསར་བ་ཞིག་གྲུབ་ཡོད།

མིག་སྔའི་བར་དུ། ཞིང་ཆེན་དང་ཁུལ་ནས་མངགས་པའི་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་གི་ཆེད་མངགས་ལས་ཁུངས། ཞིང་ཆེན་དང་ཁུལ་གྱི་རྫོང་བཅའ་སྡོད་བྱས་ཡོད་པའི་ལས་ཁུངས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་སྡེ་ཁག་བཅས་ཁྱོན་བསྡོམས་སྲིད་