ཀྲུང་དབྱང་ནོར་སྲིད་ཀྱིས་འདུག་གནས་གཏན་ཁེལ་མེད་པའི་བྱིས་པར་གཟིགས་སྐྱོང་བྱེད་པའི་དཔེ་སྟོན་ལས་གཞི་ལག་བསྟར་བྱེད་མགོ་བརྩམས།
2016.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་འོག མཚོ་སྔོན་ལིག་ཕེན་སྤྱི་ཚོགས་བྱ་བའི་ཞབས་ཞུ་ལྟེ་གནས་ཀྱིས་ལག་བསྟར་བྱས་པའི་འདུག་གནས་གཏན་ཁེལ་མེད་པའི་བྱིས་པར་གཟིགས་སྐྱོང་བྱེད་པའི་དཔེ་སྟོན་ལས་གཞི་ཉེ་ལམ་དངོས་སུ་མགོ་བརྩམས་ནས། འདུག་གནས་གཏན་ཁེལ་མེད་པའི་བྱིས་པ་སུམ་བརྒྱ་དང་དེའི་ཁྱིམ་བདག་ལ་ཕན་ཁེ་བསྐྲུན་རྒྱུ་རེད།

ཞོར་ལས་པ་གྲོང་ཁྱེར་དུ་ཡོང་བའི་གྲངས་ཀ་ཇེ་མང་དུ་སོང་བ་དང་བསྟུན་ནས། ཟི་ལིང་གྲོང་ཁྱེར་གྱི་འདུག་གནས་གཏན་ཁེལ་མེད་པའི་བྱིས་པ་ཡང་ཇེ་མང་ནས་ཇེ་མང་དུ་སོང་བ་དང་། བྱིས་པ་དེ་དག་ཞིང་སྡེ་ནས་གྲོང་ཁྱེར་དུ་ཡོང་ནས་འཚོ་བ་རོལ་རྗེས། སེམས་ཁམས་དང་བྱ་སྤྱོད་ཐད་ཀྱི་གནད་དོན་མང་པོ་འབྱུང་སླ་བ་དང་། འཚོ་བ་དང་སློབ་སྦྱོང་། གཤིས་ཀ་སོགས་ཕྱོགས་ནས་ཀྱང་ཚད་རིམ་མི་འདྲ་བའི་དཀའ་ཁག་དང་གནད་དོན་བྱུང་བས། སྤྱི་ཚོགས་ལས་རིགས་སོ་སོའི་དོ་སྣང་ཆེན་པོ་ཐོབ།

ཁོ་ཚོའི་འཚོ་བ་དང་སློབ་སྦྱོང་སོགས་ཐད་ཀྱི་དཀའ་ཁག་ཐག་གཅོད་ཆེད། 2016ལོར་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་འོག མཚོ་སྔོན་ལིག་ཕེན་སྤྱི་ཚོགས་བྱ་བའི་ཞབས་ཞུ་ལྟེ་གནས་ཀྱིས་ལག་བསྟར་བྱས་པའི་འདུག་གནས་གཏན་ཁེལ་མེད་པའི་བྱིས་པར་གཟིགས་སྐྱོང་བྱེད་པའི་དཔེ་སྟོན་ལས་གཞི་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་དང་། ལ