མཚོ་སྔོན་གྱིས་སྨན་བཅོས་དང་རྒན་གསོ་གཞི་གཅིག་ཅན་གྱི་ཞབས་ཞུ་བསྐྲུན་རྒྱུ་རེད།
2016.05.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་ལྔ་བའི་ཚེས་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་བྱ་བའི་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་སྨན་བཅོས་དང་ནད་དྲག་ཏུ་འཇུག་པ། རྒན་གསོ། ནད་གཡོག་རྒྱུག་པའི་ཐོན་ཁུངས་བཅས་བེད་སྤྱོད་གང་ལེགས་གཏོང་ཆེད། ཕྱོགས་བརྒྱད་ཀྱི་ཐད་ནས་སྨན་བཅོས་འཕྲོད་བསྟེན་དང་རྒན་གསོ་ཞབས་ཞུ་གཉིས་གཞི་གཅིག་ཏུ་སྦྲེལ་བར་ཡར་སྐུལ་བྱེད་བཞིན་ཡོད། མ་འོངས་བར། མཚོ་སྔོན་གྱི་ལོ་ལོན་རྒན་པ་རྣམས་ཀྱིས་མི་འགྱངས་བར་ནད་གཞི་ཚབས་ཆེན་སྨན་བཅོས་དང་ན་ཚ་འཇོམས་པར་ནད་གཡོག་རྒྱུག་པ། འཚོ་བའི་ལྟ་སྐྱོང་སོགས་གཞི་གཅིག་ཅན་གྱི་བདེ་ཐང་དང་རྒན་གསོ་ཞབས་ཞུ་ལོངས་སྤྱོད་བྱེད་ཐུབ་རྒྱུ་རེད།

མཚོ་སྔོན་གྱིས་རྒན་གསོའི་ལམ་ལུགས་དང་ཉེ་འཁོར་གྱི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་སྣ་མང་མཉམ་ལས་ཀྱི་རྣམ་པས་སྤེལ་བར་ཡར་སྐུལ་དང་། བདེ་ཐང་དང་རོགས་རེས་ཀྱི་ལམ་ལུགས་ལེགས་པོ་ཞིག་འཛུགས་པར་འབད་པ་བྱེད་རྒྱུ་རེད། དུས་ཡུན་ངེས་གཏན་ནང་དུ་ལོ་ལོན་རྒན་པའི་ཁྱིམ་དུ་སོང་ནས་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་དང་། རྒན་གསོ་ལམ་ལུགས་འོག་གནས་པའི་ལོ་ལོན་ཚང་མ་སྨན་བཅོས་ལས་ཁུངས་སུ་སོང་ནས་སྨན་པར་བསྟེན་དགོས་ལ། རོགས་རེས་མཐུན་སྦྱོར་ལས་ཁུངས་ཀྱིས་དུས་ལྟར་ཞབས་ཞུ་འ