མདོ་ལ་རྫོང་གིས་ཡིག་ཚགས་བྱ་བ་གྲངས་རྟགས་ཅན་དུ་བསྒྱུར་ནས་ཕན་འབྲས་གསར་བ་བླངས།
2016.05.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 ཉེ་བའི་ལོ་འདི་དག་གི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་རྫོང་ཡོངས་ཀྱི་བྱ་བ་སྤྱི་གནད་སར་བཟུང་ནས། ཚད་ལྡན་ཅན་གྱི་དོ་དམ་བྱེད་ཐབས་དང་གྲངས་རྟགས་ཅན་གྱི་དོ་དམ་བྱ་བ་གཉིས་ཁ་ཕྱོགས་སུ་བཟུང་སྟེ། རིམ་པ་སོ་སོའི་ཡིག་ཚགས་འཛུགས་སྐྲུན་དང་དམངས་ཚིས་ལས་དོན་དང་འབྲེལ་བའི་ཡིག་ཆ་འཚོལ་བསྡུ་དང་ལེགས་སྒྲིག་ལ་ཤུགས་བསྣན་མཐར། བར་མ་ཆད་པའི་སྒོ་ནས་ཡིག་ཚགས་བྱ་བས་དཔལ་འབྱོར་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་ཇེ་མཐོར་བཏང་། ཉི་སྟོང་བཅུ་གཉིས་ལོ་ནས་བཟུང་རྒྱལ་ཁབ་རིམ་པ་གཉིས་པའི་ཡིག་ཚགས་ཁང་འཛུགས་རྒྱུ་སྙན་ཞུ་ཕུལ་བ་ལེགས་འགྲུབ་བྱུང་རྗེས། ཉིས་སྟོང་བཅུ་གསུམ་ལོར། རྒྱལ་ཁབ་ཡིག་ཚགས་ཅུའུ་དང་དམངས་སྲིད་པུའུ། ཞིང་ལས་པུའུ་བཅས་ཀྱིས་རྒྱལ་ཡོངས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་འཛུགས་དང་ཡིག་ཚགས་བྱ་བའི་དཔེ་སྟོན་རྫོང་གི་མིང་ཐོབ་བསྩལ་བ་ནས་བཟུང་། རྫོང་ཡོངས་ཀྱི་ཡིག་ཚགས་ཁྲིམས་འཛིན་ཕན་འབྲས་སྔར་ལས་ཇེ་བཟང་ལ་སོང་ཡོད་པ་དང་། ཡིག་ཚགས་དཔུང་སྡེ་ཡི་གསོན་ཤུགས་ལ་ཕན་འབྲས་ལྡན་པའི་སྒོ་ནས་ཡར་སྐུལ་བྱས་ཡོད་པས། རྫོང་ཡོངས་ཀྱི་ཡིག་ཚགས་བྱ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་མངོན་ཡོད།