མཚོ་སྔོན་གྱི་དམངས་གཉེར་ཁེ་ལས་བརྒྱ་དང་བཞི་བཅུ་དང་དབུལ་ཕོངས་སྡེ་བ་བརྒྱ་དང་རེ་བཞི་བར་རོགས་སྐྱོར་འབྲེལ་བ་བཙུགས།
2016.05.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་བརྒྱ་དང་བཞི་བཅུ་དང་དབུལ་ཕོངས་སྡེ་བ་བརྒྱ་དང་རེ་བཞི་བར་རོགས་སྐྱོར་འབྲེལ་བ་བཙུགས་ནས། ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་ལ་རོགས་སྐྱོར་བྱེད་པ་དང་། ཁེ་ལས་བརྒྱ་ཡིས་ཁྱིམ་ཚང་བརྒྱ་བར་རོགས་སྐྱོར་འབྲེལ་བ་འཛུགས་པའི་གནད་ཕིགས་དབུལ་སྐྱོར་འགུལ་སྐྱོད་ཀྱི་སྐོར་ཐེངས་དང་པོའི་སྡེ་བ་དང་ཁེ་ལས་བར་རོགས་སྐྱོར་འབྲེལ་བ་འཛུགས་པའི་བྱ་འགུལ་དངོས་སུ་སྤེལ་མགོ་བརྩམས་པ་མ་ཟད། མཚོ་སྔོན་གྱི་དབུལ་ཕོངས་ཞིང་སྡེ་ལ་འཚམ་པའི་དབུལ་ཐར་ཕྱུག་བསྒྱུར་དང་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པའི་ལམ་བུ་གསར་བ་བཏོད་དེ། མཚོ་སྔོན་ཞིང་ཆེན་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་ཀྱི་རྒྱལ་ཁ་ལེན་པར་ སྟོབས་ཤུགས་བཏོན།

རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་། ཀྲུང་གོ་ཀོང་ཚའེ་སྡེ་ཚོགས་བཅས་ཀྱི«ཁེ་ལས་ཁྲི་ཡིས་སྡེ་བ་ཁྲི་ལ་རོགས་སྐྱོར་བྱེད་པའི་གནད་ཕིགས་དབུལ་སྐྱོར་གྱི་འགུལ་སྐྱོད་ཇུས་གཞིའི»འབྲེལ་ཡོད་རེ་བ་ལག་ལེན་མཐར་ཕྱིན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་བཟོ་ཚོགས་མཉམ་འབྲེལ་གྱིས་ལོ་མང་པོའི་རིང་གི་དམངས་གཉེར་ཁེ་ལས་ལ་སྣེ་ཁྲིད་བྱས་ཏེ་དབུལ་སྐྱོར་གསར་སྤེལ་བྱ་བའི་ཁྲོད་ཞུགས་པའི་ཉམས་མྱོང་དང་ཟུང་འབྲེ