མཚོ་སྔོན་གྱིས་སློབ་གསོ་དབུལ་ཐར་མཁྲེགས་གཏོར་བྱ་བ་དངོས་སུ་སྤེལ་མགོ་བརྩམས།
2016.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱིས་སློབ་གསོ་དབུལ་ཐར་མཁྲེགས་གཏོར་འཆར་གཞི་དངོས་སུ་སྤེལ་མགོ་བརྩམས་པ་ནས་བཟུང་། ཉིས་སྟོང་བཅུ་དགུ་ལོར་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ་ཚང་མར་སློབ་གསོའི་ཡིག་ཚགས་ཀྱིས་ཁེབས་པར་བྱེད་རྒྱུ་དང་། སྡེ་བ་དང་ཁྱིམ་ཚང་། ཁྱིམ་མི་བཅས་ཀྱི་སློབ་གསོ་གནད་ཕིགས་དབུལ་ཐར་མ་ལག་རྩ་བའི་ཆ་ནས་གྲུབ་པར་འབད་རྒྱུ་རེད།

གསར་འགོད་པས་ཚེས་བཞི་ཉིན་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། འཆར་གཞི་ལྟར་ན། ཉིས་སྟོང་བཅུ་དགུ་ལོའི་བར་དུ། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ཁྱིམ་ཚང་གི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གྱུར་ཚད་དེ་བརྒྱ་ཆའི་གོ་ལྔ་ཡན་ལ་སླེབས་པར་བྱེད་དགོས་པ་དང་། སློབ་སྔོན་སློབ་གསོའི་སློབ་ཞུགས་ཀྱི་ཚད་བརྒྱ་ཆའི་གྱ་ལྔའི་ཡན་ལ་སླེབས་པར་བྱེད་དགོས། དམའ་འབྲིང་སློབ་མཐར་ཕྱིན་ཚད་བརྒྱ་ཆའི་དགུ་བཅུ་ལས་དམའ་མི་རུང་བ་བྱེད་དགོས། དེ་མིན་ད་དུང་མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་སློབ་མའི་རོགས་སྐྱོར་མ་དངུལ་དང་རོགས་སྐྱོར་བསྐྱི་དངུལ་སོགས་ཀྱི་མཐོ་རིམ་སློབ་གསོའི་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་བཏང་ནས། དབུལ་ཕོངས་ཁྱིམ་ཚང་གི་སློབ་མ་རེར་ལོ་རེར་རོགས་སྐྱོར་མ་དངུལ་སྒོར་སྟོང་གསུམ་སྟེར་རྒྱུ་རེད།