རྨ་སྟོད་རྫོང་གིས་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོའི་ཆེད་དོན་གཅིག་བསྡུས་སློབ་སྦྱོང་གྲོས་ཚོགས་བསྡུས།
2016.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོའི་གཅིག་བསྡུས་སློབ་སྦྱོང་གྲོས་ཚོགས་བསྡུས་པ་དང་། སློབ་སྦྱོང་གྲོས་ཚོགས་སྟེང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་གདན་ཞུ་བྱས་ཏེ་སོ་སོར་ཁ་ཡིག་ལ«གནད་ཕིགས་དབུལ་སྐྱོར་ལག་བསྟར་བྱས་ནས་མྱུར་དུ་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཁོག་གི་དབུལ་ཐར་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ»དང་«ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་བརྗོད་བྱའི་སྙིང་བོ»སོགས་ཀྱི་ཆེད་དོན་འཆད་ཁྲིད་བྱས།

གཅིག་བསྡུས་ཀྱིས་སློབ་སྦྱོང་བརྒྱུད་དེ། ཚང་མས་གཉིས་སློབ་གཅིག་བྱེད་ཀྱི་སློབ་སྦྱོང་སློབ་གསོ་བྱ་འགུལ་སྤེལ་བའི་དགོས་ངེས་རང་བཞིན་དང་བྲེལ་མྱུར་རང་བཞིན་་ལ་རྒྱུས་ལོན་གཏིང་ཟབ་བྱས་པ་དང་། སློབ་སྦྱོང་སློབ་གསོའི་ལས་འགན་གཙོ་བོ་དང་སྤྱི་ཁོག་གི་རེ་བ། བྱེད་ཐབས་རྒྱུད་རིམ་གསལ་བོ་བྱས། སློབ་སྦྱོང་གྲོས་ཚོགས་ལ་ཞུགས་པའི་མི་སྣས་མཐའ་གཅིག་ཏུ། སློབ་སྦྱོང་བྱེད་པ་ནི་ཏང་གི་སྒྲིག་ལམ་སྒྲིག་སྲོལ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕནེ་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ཇི་མ་ཇི་བཞིན་སློབ་སྦྱོང་བྱེད་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ཀྲུང་དབ