ཉིས་སྟོང་བཅུ་དྲུག་ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་འགུལ་གཟའ་འཁོར་གྱི་བྱ་འགུལ་དེ་ཟླ་ལྔ་བའི་ཚེས་བཅུ་བཞི་ནས་ཚེས་ཉེར་གཅིག་ཉིན་བར་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་མཉམ་དུ་སྤེལ་རྒྱུ་རེད།
2016.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

གསར་འགོད་པས་ཚེས་ལྔ་ཉིན་བསྡུས་པའི་ཉིས་སྟོང་བཅུ་དྲུག་ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁྱབ་གདལ་བྱ་བའི་འབྲེལ་གཏུག་གྲོས་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། “གསར་སྐྲུན་སྣེ་ཁྲིད་དང་། མཉམ་སྤྱོད་འཕེལ་རྒྱས”བརྗོད་གཞི་ཡིན་པའི་ཉིས་སྟོང་བཅུ་དྲུག་ལོའི་མཚོ་སྔོན་ཞིང་ཆེན་ཚན་རྩལ་བྱ་འགུལ་གཟའ་འཁོར་གྱི་བྱ་འགུལ་དེ་ཟླ་ལྔ་བའི་ཚེས་བཅུ་བཞི་ནས་ཚེས་ཉེར་གཅིག་ཉིན་བར་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་མཉམ་དུ་སྤེལ་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཚན་རྩལ་བྱ་འགུལ་གཟའ་འཁོར་སྤེལ་བ་དེས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་འདྲིས་དམ་པོ་བྱེད་པ་དང་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་བྱེད་པ་དང་ཟུང་དུ་སྦྲེལ་བ་ནང་དོན་གལ་ཆེན་དུ་བརྩིས་ནས། སྤྱི་ཚོགས་ཡོངས་ཀྱིས་སེམས་ཁུར་བྱེད་པའི་མཁའ་དབུགས་རྒྱུ་སྤུས་དང་། ཟས་རིགས་བདེ་འཇགས། སྐྱེ་ཁམས་ཁོར་ཡུག མེ་སྐྱོན་སྔོན་འགོག་བདེ་འཇགས། ས་འགུལ་གྱི་གནོད་འཚེ་ཇེ་ཉུང་དུ་གཏོང་བ་དང་། ཉེན་ཁ་ལས་མྱུར་དུ་ཐར་བ། ཐཱན་ཉུང་ནུས་ཁུངས་གྲོན་ཆུང་། བདེ་ཐང་གི་འཚོ་བ་སོགས་ཚང་མའི་སེམས་ཁུར་བྱེད་སའི་གནད་དོན་ལ་དམ་པོར་དམིགས་ནས། ཚན་རིག་ཤེས་བྱ་དང་ལག་རྩལ་བྱེད་ཐབས་ཁྱབ་གདལ་དུ་གཏོང་བ། སྤྱི་དམངས་ཀྱི་ཚན་རིག་བྱང་ཚད་ཇེ་མཐོར་གཏོང་རྒྱུ་