འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣས་མཚོ་སྔོན་པོའི་བྱ་གླིང་དང་། བུ་ཧ་ཆུ་བོའི་ཟམ་ཆེན་གྱི་སྟོད་སྨད་རྒྱུད་བཅས་ཀྱི་གཡས་གཡོན་ནས་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱ་འགུལ་སྤེལ།
2016.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ཚེས་དྲུག་ཉིན་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དོ་དམ་ཅུའུ་དང་། བྱ་གླིང་ཡན་ལག་ཅུའུ། བྱ་གླིང་གྲོང་ཁྱེར་ལྟ་སྐུལ་དོ་དམ་ཁང་། བྱ་གླིང་ཡན་ལག་ཀུང་ཟི་སོགས་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣས་མཚོ་སྔོན་པོའི་བྱ་གླིང་དང་། བུ་ཧ་ཆུ་བོའི་ཟམ་ཆེན་གྱི་སྟོད་སྨད་རྒྱུད་བཅས་ཀྱི་གཡས་གཡོན་ནས་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱ་འགུལ་སྤེལ།

རྒྱུས་ལོན་བྱུང་བ་ལྟར་ན། རེབ་འདིའི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་བྱ་འགུལ་དེ་ཚོང་ཁང་དང་། ཁྱིམ་ཚང་བཅས་ནས་དྲ་ཚིགས་ཅན་གྱི་དག་ཐེར་བཅོས་སྐྱོང་གི་རྣམ་པ་སྤེལ་རྒྱུ་མ་ཟད། བྱ་གླིང་མཐའ་འཁོར་གྱི་གད་སྙིགས་དང་། དཀར་ལ་དགོན་པའི་མཐའ་འཁོར་དང་། བུ་ཧ་ཆུ་བོའི་ཟམ་ཆེན་གྱི་སྟོད་སྨད་རྒྱུད་དང་འགྲམ་རྒྱུད་ཀྱི་བཙོག་རྫས་སོགས་ལ་གཙང་སྦྲ་བྱས་པ་མ་ཟད། རླངས་འཁོར་གཉིས་མངག་ཏེ་གད་སྙིགས་ཕོད་མ་ཟད། གོ་རིམ་རྗེས་མསར་ཁོར་ཡུག་འཕྲོད་བསྟེན་དག་ཐེར་བཅོས་སྐྱོང་གྲུབ་འབྲས་ཇེ་བརྟན་དང་རྒྱ་བསྐྱེད་པའི་རྨང་གཞིའི་སྟེང་། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་དོ་དམ་ཅུའུ་ཡིས་མུ་མཐུད་དུ་འབྲེལ་ཡོད་ལས་ཁུངས་དང་གཞོགས་འདེགས་བྱས་ནས། མཚོ་སྔོན་པོའི་ཁོར་ཡུག་འཕྲོད་བསྟེ