མཚོ་སྔོན་གྱིས་ཚད་གཞི་ལོངས་པའི་དབུལ་ཕོངས་མི་གྲངས་ཚང་མ་སྨན་བཅོས་རོགས་སྐྱོར་གྱི་གནད་སའི་རོགས་སྐྱོར་ཁྱབ་ཁོངས་ཁྲོད་འཇོག་རྒྱུ་རེད།
2016.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

 ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་ནས་ཤེས་གསལ་བྱུང་བ་ལྟར་ན། སྨན་བཅོས་རོགས་སྐྱོར་གྱི་དབུལ་ཐར་གཞོགས་འདེགས་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་གཏོང་ཆེད། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས«དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་སྔར་ལས་ལྷག་པའི་སྒོ་ནས་སྨན་བཅོས་རོགས་སྐྱོར་བྱ་བ་འཛིན་དགོས་པའི་བརྡ་ཁྱབ»ཅེས་པ་དངོས་སུ་བཀྲམ་ནས། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་རོགས་སྐྱོར་ལས་དོན་ལ་བཀོད་སྒྲིག་ལེགས་པོ་བྱས།

བརྡ་ཁྱབ་ལས་བསྟན་དོན། མཚོ་སྔོན་གྱིས་སྨན་བཅོས་རོགས་སྐྱོར་སྲིད་ཇུས་དངོས་འབེབས་བྱས་པ་བརྒྱུད། ཕན་འབྲས་ལྡན་པའི་སྒོ་ནས་ནད་ལ་རྐྱེན་བྱས་ཏེ་དབུལ་ཕོངས་ལས་ཐར་ཐུབ་ཀྱིན་མེད་པའི་གནད་དོན་སྔོན་འགོག་དང་གཏན་འགོག་བྱ་རྒྱུ་རེད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ། ཆ་རྐྱེན་ལོན་པའི་མང་ཚོགས་ལ་དམངས་སྲིད་སྡེ་ཁག་གིས་ལོ་རེར་མི་རེ་སྤྱི་ཚོགས་ཉེན་ཚབས་ཁྲོད་ཞུགས་པའི་ཆ་སྙོམས་ཚད་གཞི་ལྟར། རོང་འབྲོག་ས་ཁུལ་གྱི་མ་མཐའི་འཚོ་བའི་འགན་སྲུང་ཡོད་མཁན་རྣམས་ལ་རོགས་སྐྱོར་ཆ་ཚང་བྱེད་རྒྱུ་རེད། དེ་མིན་ད་དུང་། མཚོ་སྔོན་གྱིས་ནད་གཞི་ཚབས་ཆེན་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་ཁྱབ་རྒྱ་ཆེ་རུ་བསྐྱེད་རྒྱུ་རེད།
&nbs