མཚོ་སྔོན་གློག་ཤུགས་ཀུང་ཟིས་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གཉིས་བཏང་ནས་རྨ་སྟོད་རྫོང་ལ་རོགས་སྐྱོར་བྱེད་རྒྱུ་རེད།
2016.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

རྒྱུས་ལོན་བྱུང་བ་ལྟར་ན། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”སྐབས་སུ་རྒྱལ་ཁབ་གློག་དྲ་ཀུང་ཟིས་མུ་མཐུད་དུ་དབུལ་ཕོངས་ས་ཁུལ་གྱི་གློག་ཤུགས་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ནས། ལོ་རེར་དབུལ་སྐྱོར་མ་དངུལ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་གཉིས་བཏང་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གི་ཕྱུགས་ལས་ཐོན་ལས་ཅན་དུ་སྤེལ་བར་བཀོལ་རྒྱུ་ཡིན་པ་མ་ཟད། ཁྱད་ཆོས་ལས་སྣོན་དང་། ཕྱུགས་ལས་གསོ་སྤེལ། གནས་སྐོར་ཞབས་ཞུ་སོགས་ལས་གཞི་འཕེལ་རྒྱས་སུ་གཏོང་རྒྱུ་རེད།

“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”སྐབས་སུ། མཚོ་སྔོན་གློག་ཤུགས་ཀྱིས་རྒྱལ་ཁབ་གློག་དྲ་ཀུང་ཟི་ཏང་ཙུའུ་ཡིས་མགོ་ཁྲིད་བརྟན་པོས་འོག ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག ནན་ཏན་སྒོས་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱས་པ་དང་། ཧུར་ཐག་སྒོས་དབུལ་སྐྱོར་གསར་སྤེལ་བྱ་བ་སྤེལ་བ། ཞིང་སྡེའི་གློག་དྲ་བསྒྱུར་བཀོད་ཀྱི་རིམ་སྤོར་བྱ་བ་ཇེ་མགྱོགས་སུ་བཏང་ནས། དབུལ་སྐྱོར་མ་དངུལ་སྒོར་མོ་ཐེར་ཆེན་གཅིག་དང་ཐེར་འབུམ་གཅིག་དུང་ཕྱུར་བདུན་བྱེ་བ་དགུ་བཏང་བའི་ལས་འགན་ཡོངས་འགྲུབ་བྱས་ནས། རྫོང་བརྒྱད་ཀྱི་གློག་དྲ་དཀོན་པ་དང་རྫོང་བར་གྱི་གློག་དྲ་དང་