རྫ་སྟོད་རྫོང་གིས་རྫོང་དང་ཞང་སྡེ་བ་རིམ་པ་གསུམ་གྱི་ཏང་ཡོན་ལ་ཞབས་འདེགས་ཞུ་བའི་དྲ་རྒྱ་བཙུགས།
2016.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ད་ལོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གིས་རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་ནས་སོ་སོར་རྫོང་ཏང་ཡོན་ཞབས་ཞུ་ལྟེ་གནས་དང་ཞང་ཏང་ཡོན་ཞབས་ཞུ་ས་ཚིགས། སྡེ་བའི་ཏང་ཡོན་གྱི་ཞབས་ཞུ་ཁང་བཅས་རིམ་པ་གསུམ་པའི་ཏང་ཡོན་ཞབས་ཞུ་དྲ་རྒྱ་བཙུགས་ནས། ཏང་ཡོན་རྣམས་ཕྱོགས་གཅིག་ཏུ་བསྡུ་བའི་འདྲེན་བྱེད་གསར་བ་དང་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་དྲ་རྒྱ་གསར་བ། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྟེགས་བུ་གསར་བ་འཛུགས་སྐྲུན་བྱས། མིག་སྔར། རྫོང་རིམ་པའི་ཏང་ཡོན་དོ་དམ་ཞབས་ཞུ་ལྟེ་གནས་གཅིག་དང་གཞིས་ཁུལ་གྱི་ཏང་ཡོན་དོ་དམ་ཞབས་ཞུ་ས་ཚིགས་དགུ ཞང་དང་གྲོང་བརྡལ་གྱི་ཏང་ཡོན་དོ་དམ་ཞབས་ཞུ་ས་ཚིགས་བརྒྱད། སྡེ་བའི་ཏང་ཡོན་དོ་དམ་ཞབས་ཞུ་བྱེད་གནས་སོ་གཅིག་བཅས་བཙུགས།

རྫ་སྟོད་ཀྱི་འབྲོག་པ་མང་ཚོགས་འཕྲོ་རིམ་འཕྲོར་རྫོང་མཁར་དུ་གནས་སྤར་བ་དང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པ་ཇེ་ཉུང་དུ་སོང་བ། རོང་འབྲོག་ཁུལ་གྱི་ཏང་ཡོན་གྱི་སྡོད་གནས་ཐར་ཐོར་ཡིན་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་དབང་གིས། གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་དང་ཏང་ཡོན་དཔུང་སྡེའི་འཛུགས་སྐྲུན། ཏང་ཡོན་གྱི་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ལམ་བུ་དང་བྱེད་ཐབས་བ