རྫ་སྟོད་རྫོང་གིས་རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་གྱི་ཏང་ཡོན་ཞབས་ཞུའི་དྲ་རྒྱ་བཙུགས།
2016.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

ད་ལོར་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གིས་རྫོང་དང་ཞང་། སྡེ་བ་བཅས་རིམ་པ་གསུམ་ནས་སོ་སོར་རྫོང་ཏང་ཡོན་ཞབས་ཞུ་ལྟེ་གནས་དང་། ཞང་ཏང་ཡོན་ཞབས་ཞུ་ས་ཚིགས། སྡེ་བའི་ཏང་ཡོན་ཞབས་ཞུ་སྒྲུབ་ས་བཅས་རིམ་པ་གསུམ་གྱི་ཏང་ཡོན་ཞབས་ཞུ་དྲ་རྒྱ་བཙུགས་ནས། ཏང་ཡོན་གྱི་རྣམ་པ་གསར་བ་བ་། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་དྲ་རྒྱ་གསར་བ་བཙུགས་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་རྣམ་པ་གསར་བ་བཙུགས། ད་ལྟ་རྫོང་རིམ་པའི་ཏང་ཡོན་དོ་དམ་ཞབས་ཞུ་ལྟེ་གནས་གཅིག་དང་། སྡོད་ཁུལ་གྱི་ཏང་ཡོན་དོ་དམ་ཞབས་ཞུ་ས་ཚིགས་དགུ ཞང་དང་གྲོང་རྡལ་གྱི་ཏང་ཡོན་དོ་དམ་ཞབས་ཞུ་ས་ཚིགས་བརྒྱད་དང་སྡེ་བའི་ཏང་ཡོན་དོ་དམ་ཞབས་ཞུ་སྒྲུབ་ས་སོ་གཅིག་བཙུགས།

རྫ་སྟོད་རྫོང་གི་འབྲོག་པ་རྣམས་འཕྲོ་རིམ་འཕྲོར་རྫོང་མཁར་དུ་གནས་སྤར་བ་དང་བསྟུན་ནས། “སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི” ལས་བྱེད་པ་དང་ལས་བཟོ་བ་ཇེ་ཉུང་དུ་སོང་བ་དང་། རོང་འབྲོག་ཕྱོགས་ཀྱི་ཏང་ཡོན་འདུག་ས་ཐར་ཐོར་ཡིན་པ་སོགས་ཀྱི་རྒྱུ་རྐྱེན་གྱིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་དང་། ཏང་ཡོན་དཔུང་སྡེ་འཛུགས་སྐྲུན། དེ་མིན་ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་མཐུད་ཞབས་ཞུ་སྒྲུབ་པའི་ཐབས་ལམ་དང་