མཚོ་ནུབ་ཁུལ་གྱི་ནུས་ཁུངས་གསར་བའི་ལས་གཞིའི་ཐད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་ལྔ་ས་ཡ་བདུན་བཏང་།
2016.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཉེ་ལམ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལོའི་དུས་ཚིགས་དང་པོའི་ཁུལ་ཡོངས་ཀྱི་ནུས་ཁུངས་གསར་བའི་ལས་གཞི་སྤེལ་བའི་གནས་ཚུལ་ཁྱབ་སྒྲོག་བྱེད་པའི་ཚོགས་འདུ་བསྡུས། མཚོ་ནུབ་ཁུལ་གྱི་ནུས་ཁུངས་གསར་བའི་ལས་གཞིའི་ཐད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་ལྔ་ས་ཡ་དྲུག་བཏང་ལ། དེའི་ཁྲོད་ཉི་འོད་ནུས་པའི་ལས་གཞིའི་ཐད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་གསུམ་ས་ཡ་གཉིས་བཏང་བ་དང་། ཉི་འོད་དྲོད་འདོན་ལས་གཞིའི་ཐད་མ་དངུལ་སྒོར་ས་ཡ་ལྔ་བཏང་ལ། རླུང་གློག་ལས་གཞིའི་ཐད་མ་དངུལ་སྒོར་བྱེ་བ་གཉིས་བཏང་།

མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་ནི། མཚོ་ནུབ་ཁུལ་གྱི་དཔལ་འབྱོར་ཐད་ནས་ཚུལ་བསྒྱུར་རིམ་སྤོར་དང་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གོ་སྐབས་དང་སྲིད་ཇུས་བཀོལ་བའི་དུས་སྐབས་ཡིན་པས། རྒྱལ་ཁབ་ཀྱིས་སྐོར་དང་པོའི་ནུབ་རྒྱུད་གསར་སྤེལ་ཆེན་པོ་དང་། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན། ནུབ་ཕྱོགས་སུ་སྒོ་འབྱེད་བྱེད་པ་སོགས་ཀྱི་འཐབ་ཇུས་ཆེན་པོ་ལག་བསྟར་བྱེད་པ་དང་། མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ནུས་ཁུངས་གསར་བའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི