མགོ་ལོག་ཁུལ་གྱི་གཟུགས་འདས་རིག་གནས་ཐང་ཀའི་སྒྱུ་རྩལ་རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་མི་རིགས་སློབ་ཆེན་ནས་བསྒྲུབས།
2016.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་མི་རིགས་སློབ་ཆེན་གྱིས་ཐང་ཀའི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་བ་དང་། ཐང་ཀ་བཞེངས་མཁན་ཚང་མ་ནི་ཀྲུང་གོ་གཟུགས་འདས་རིག་གནས་ཤུལ་བཞག་གི་ཐང་ཀའི་རྒྱུན་འཛིན་པའི་མགོ་ལོག་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཡིན་ལ། སློབ་མ་དྲུག་ཅུས་བདེ་བླག་ངང་གསོ་སྦྱོང་ལས་འགན་ཡོངས་འགྲུབ་བྱས་ཚར་ཏེ་ཡུལ་དངོས་ནས་མཐར་ཕྱིན་འཛིན་ཡིག་བླངས།

ཀྲུང་གོ་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་ཞིབ་འཇུག་གསོ་སྦྱོང་ནི་རིག་གནས་པུའུ་ཡིས་སྲོལ་རྒྱུན་ལག་ཤེས་པའི་རྩལ་ནུས་ཆུ་ཚད་དང་རྒྱུན་འཛིན་ནུས་པ་ཇེ་མཐོར་གཏོང་བའི་གསོ་སྦྱོང་ལས་གཞི་གལ་ཆེན་ཞིག་རེད། རེབ་འདིའི་གསོ་སྦྱོང་འཛིན་གྲྭ་དེ་ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐྲུན་ཐིན་དང་མཚོ་སྔོན་མི་རིགས་སློབ་ཆེན་གཉིས་ཀྱིས་མཉམ་དུ་བསྒྲུབས་པ་དང་། གསོ་སྦྱོང་འཛིན་གྲྭས་སྐད་གཉིས་སློབ་ཁྲིད་བྱས་ནས། སློབ་ཁྲིད་སྐབས་སུ་རི་མོ་འབྲི་བ་དང་མཛུབ་སྟོན་གཉིས་ཟུང་དུ་སྦྲེལ་བ་དང་། དགེ་རྒན་གྱིས་འཆད་ཁྲིད་དང་སློབ་མས་གདེང་འཇོག་བྱེད་པ་གཉིས་ཟུང་དུ་སྦྲེལ་ལ། རིགས་གཞུང་ཁྲིད་པ་དང་སློབ་མས་ལས་བྱ་འབྲི་བ་དང་དཔྱད་འཇོག་བྱེད་པ་ཟུང་དུ་སྦྲེལ་བ་དང་། གསོ་སྦྱོང་སློབ་སྦྱོང་དང་སྤྱི་བསྡོམས་ཉམས་མྱོང་ལེན་པ་