མཚོ་སྔོན་ཞིང་ཆེན་གྱིས2016ལོའི་ལས་རིགས་སློབ་གསོའི་བྱ་འགུལ་གཟའ་འཁོར་སྤེལ་མགོ་བརྩམས།
2016.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་། ཟི་ལིང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དོ་དམ་ཨུ་ཡོན་ལྷན་བཅས་ཀྱི་གཙོ་སྒྲུབ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་སློབ་གསོ་ཅུའུ་དང་ཟི་ལིང་གྲོང་ཁྱེར་དུས་རབས་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་ཀྱིས་འགན་ཁུར་ནས་བསྒྲུབས་པའི་མཚོ་སྔོན་ཞིང་ཆེན་གྱི2016ལོའི་སློབ་གསོའི་བྱ་འགུལ་གཟའ་འཁོར་ཟླ་ལྔ་བའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར་དངོས་སུ་སྤེལ་མགོ་བརྩམས་པ་དང་། ལས་རིགས་སློབ་གླིང་བཅོ་བརྒྱད་ནས་ཡོང་བའི་འགན་ཁུར་མི་སྣ་དང་དགེ་སློབ་འཐུས་ཚབ། སློབ་མའི་ཁྱིམ་བདག་སོགས་མི་སྟོང་ཙམ་ཐེངས་འདིའི་བྱ་འགུལ་ལ་ཞུགས།

རྒྱུས་ལོན་བྱུང་བ་ལྟར་ན། 2015ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་རེའི་ཟླ་ལྔ་བའི་གཟའ་འཁོར་གཉིས་པ་དེ་ལས་རིགས་སློབ་གསོའི་བྱ་འགུལ་གཟའ་འཁོར་རུ་གཏན་ཁེལ་བྱེད་དོན་ནི། ངལ་རྩལ་གཟི་བརྗིད་ཆེ་ཞིང་རྩལ་ནུས་རྩ་ཆེ་བ། རླབས་ཆེན་གསར་སྐྲུན་བྱེད་པའི་དུས་རབས་ཀྱི་དར་སྲོལ་དར་སྤེལ་བྱེད་པ་དང་། དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་བྱེད་པའི་ཆེད་རེད། ད་