མཚོ་སྔོན་ཞིང་ཆེན་གྱི་ཁོངས་ཡོངས་ཀྱི་གནས་སྐོར་དཔེ་སྟོན་ཁུལ་ཐོག་མ་འཛུགས་སྐྲུན་བྱེད་པའི་བྱ་བ་མཚོ་བྱང་ཁུལ་ནས་སྤེལ་མགོ་བརྩམས།
2016.05.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ་ལྔ་བའི་ཚེས་ལྔ་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཐོག་མའི་ཁོངས་ཡོངས་ཀྱི་གནས་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་བ་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་དངོས་སུ་སྤེལ་མགོ་བརྩམས།

ཁོངས་ཡོངས་ཀྱི་གནས་སྐོར་ནི་ཁུལ་ཁོངས་ངེས་ཅན་ནས་གནས་སྐོར་ལས་རིགས་དེ་དགེ་མཚན་ཐོན་ལས་སུ་བྱས་ཏེ། ཁུལ་ཁོངས་ནང་གི་གནས་སྐོར་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག སྤྱི་བའི་ཞབས་ཞུ་སོགས་ཐོན་ཁུངས་མཉམ་བསྲེས་བྱེད་པ་བརྒྱུད་དེ། གནས་སྐོར་ལས་རིགས་ཀྱིས་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བྱེད་པའི་མ་དཔེ་གསར་བ་ཞིག་ལ་ཟེར།

ད་ལོའི་ཟླ་གཉིས་པའི་ཟླ་སྟོད་དུ། རྒྱལ་ཁབ་གནས་སྐོར་ཅུའུ་ཡིས་རྒྱལ་ཁབ་ཀྱི་ཁོངས་ཡོངས་ཀྱི་གནས་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་བྱ་བ་དངོས་སུ་སྤེལ་མགོ་བརྩམས་ནས། རང་རྒྱལ་གྱི་གནས་སྐོར་ལས་རིགས་དེ་སྲོལ་རྒྱུན་གྱི་ལྗོངས་རྒྱུ་ཁུལ་གནས་སྐོར་ནས་ཁོངས་ཡོངས་ཀྱི་གནས་སྐོར་གྱི་འཕེལ་རྒྱས་མ་དཔེ་རུ་བསྒྱུར།

མཚོ་བྱང་ཁུལ་དེ་མཚོ་སྔོན་ཞིང་ཆེན་གྱི་ཤར་བྱང་དུ་ཆགས་པ་དང་། ཁུལ་ཁོངས་གཏོགས་ཀྱི་རྫོང་བཞིའི་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། གསེར་དངུལ་ཐང་ཉིང་རྡུལ་མཁར་གྲོང་གནས་སྐོར་ཁུལ་དང་ལོག་ཀར་མེ་ཏོག་གནས་ས