མཚོ་སྔོན་ཞིང་ཆེན་ལ་ཡང་བསྐྱར་རྒྱལ་ཁབ་ལུས་རྩལ་ཅུའུ་ཡི་གཟེངས་བསྟོད་ཐོབ།
2017.05.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ་ལྔ་བའི་ཚེས་གཉིས་ཉིན། གསར་འགོད་པས་ཞིང་ཆེན་ལུས་རྩལ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཧུའུ་པེ་དབྱི་ཁྲང་ནས་མཇུག་བསྡུ་བའི2017ལོའི་རྒྱལ་ཡོངས་ལུས་རྩལ་ཐོན་ལས་བསྡོམས་རྩིས་བྱ་བའི་གྲོས་ཚོགས་སྟེང་། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཐོན་ལས་བསྡོམས་རྩིས་བྱ་བར་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་གཟེངས་བསྟོད་ཐོབ།

ཚོགས་ཐོག་ཏུ2016ལོའི་རྒྱལ་ཁབ་ལུས་རྩལ་ཐོན་ལས་ཆེད་སྤྱོད་བརྟག་བཤེར་བྱ་བར་སྤྱི་སྡོམ་བྱས་པ་དང་། བྱ་བའི་སྤྱོད་ཚུལ་བཟང་བ་དང་། གཞི་གྲངས་རྒྱུ་སྤུས་ལེགས་པའི་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་སོགས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་ལུས་རྩལ་ཅུའུ་སྐོར་ཞིག་ལ་གཟེངས་བསྟོད་བྱས། དེ་ལས་གཞན་ད་དུང2017ལོའི་ལུས་རྩལ་ཐོན་ལས་བསྡོམས་རྩིས་བྱ་བ་དང་མིང་ཐོ་མཛོད་འཐུས་ཚང་དུ་གཏོང་བ་དང་སྲུང་སྐྱོབ་བྱེད་པ། ལུས་རྩལ་ཐོན་ལས་ཀྱི་ལས་རིགས་གཙོ་བོར་ལྟ་ཞིབ་ཚད་ལེན་བྱེད་པ་དང་ལུས་རྩལ་ཐད་ཀྱི་འཛད་སྤྱོད་བསྡོམས་རྩིས་བྱ་བ་བཅས་ལ་བཀོད་སྒྲིག་བྱས་པ་མ་ཟད། ལུས་རྩལ་ཐོན་ལས་བསྡོམས་རྩིས་བྱ་བ་བཟང་བོ་བསྒྲུབ་པར་དམིགས་ནས་བརྗེ་རེས་དང་བགྲོ་གླེང་བྱས།

རྗེས་ཕྱོགས་མཚོ་སྔོན་ཞིང་ཆེན་གྱི་ལུས་རྩལ་ལས་དོན་ཐད་ནས་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་བྱ་བའི་རེ་བ་དང་བཀོད་སྒྲིག་གཙོར་བཟུང་ནས། གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པ་མ་ཟད། དུས་ལྟར་བསྡོམས་རྩིས་ལས་ཁུངས་དང་བརྗེ་རེས་བྱེད་པ། སྔ་མོ་ནས་ལུས་རྩལ་ཐོན་ལས་ཐད་ཀྱི་བསྡོམས་རྩིས་གཞི་གྲངས་ཁྱབ་བསྒྲགས་བྱས་ཏེ། 2017ལོའི་ལུས་རྩལ་ཐོན་ལས་བསྡོམས་རྩིས་བྱ་བའི་བཀོད་སྒྲིག་དང་བསྡོམས་རྩིས་མི་སྣའི་གསོ་སྦྱོང་བྱ་བ། རིག་སྟོབས་ལུས་རྩལ་སྟེགས་བུའི་བསྡོམས་རྩིས་ཆེད་དོན་བྱ་བ་བཟང་བོར་བསྒྲུབ་རྒྱུ་རེད།