སྤྱི་ཕན་དངུལ་རྩས་ཧེ་ཡན་རྫོང་གི་ཐོན་ལས་འཕེལ་རྒྱས་ལ་རོགས་འདེགས་ཆེན་པོ་བྱས།
2017.05.03 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 8

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གིས་སྲིད་གཞུང་གི་རོགས་སྐྱོར་དང་ཚོང་ར་འཁོར་གཉེར་བྱེད་པའི་ཐབས་ལམ་གཉིས་ཟུང་དུ་སྦྲེལ་ནས། སྲིད་གཞུང་དང་དངུལ་རྩ་ལས་ཁུངས། བུ་ལོན་གཏོང་ལེན་ལས་ཁུངས་བཅས་ཀྱིས་རོགས་སྐྱོར་ཐེབས་རྩ་སྐོར་གྱི་ཉེན་ཁ་མཉམ་དུ་ཁུར་དགོས་པའི་ནང་རྐྱེན་བཙུགས་པ་དང་། ཁྱོན་བསྡོམས་མ་དངུལ་སྒོར་བྱེ་བ་གཉིས་བཏང་ནས་སྤྱི་ཕན་དངུལ་རྩའི་ཐོན་ལས་རོགས་སྐྱོར་ཐེབས་རྩ་བཙུགས།

རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཕན་དངུལ་རྩའི་ཐོན་ལས་རོགས་སྐྱོར་ཐེབས་རྩ་ཚོགས་པས་མིག་སྔའི་བར་དུ་སྐྱི་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བདུན་ལྷག་བཏང་ཡོད་ཅིང་། ཐེབས་རྩ་ཚོགས་པ་འདིས་དངུལ་བུན་གཏོང་བའི་ཐབས་ལམ་དང་དངུལ་བུན་གཏོང་ཚད། དངུལ་རྩའི་ཐོན་རྫས་སོགས་ཀྱི་ཐད་ལ་བཅོས་སྒྱུར་ཆེན་པོ་བྱས་ནས་ཁྱད་ཆོས་ཕུན་སུམ་ཚོགས་པ་ལྡན་ལ། དམིགས་བསལ་སྒོས་རྫོང་རིམ་པས་རོགས་སྐྱོར་བྱེད་སའི་དཔལ་འབྱོར་རྩ་འཛུགས་དང་རོང་འབྲོག་མང་ཚོགས་མི་སྒེར་སོགས་ལ་རོགས་སྐྱོར་བྱས་ཡོད་པ་དང་། རྫོང་ཡོངས་ཀྱི་དཔལ་འབྱོར་ཐད་རོགས་འདེགས་ཆེན་པོ་བྱས་ནས། ཧེ་ཡན་རྫོང་གི་ཁེ་ལས་དང་མི་སྒེར་གྱི་ལས་སྐྲུན་བྱ་བར་སྐུལ་སྤེལ་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏོང་བར་རོགས་སྐྱོར་བྱེད་པའི་དོན་བཟང་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།