ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭར་དམིགས་ནས་དམིགས་བསལ་ལས་གནས་དགེ་རྒན་བརྒྱ་དང་ང་གསུམ་བསྡུ་རྒྱུ་རེད།
2017.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་སློབ་གསོ་ཐིན་གཉིས་ཀྱིས་མཉམ་དུ་ཉིས་སྟོང་བཅུ་བདུན་ལོའི་མཚོ་སྔོན་ཞིང་ཆེན་རོང་འབྲོག་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭས་སྤྱི་ཚོགས་ལ་ཁ་གཏད་དེ་དམིགས་བསལ་ལས་གནས་ཀྱི་དགེ་རྒན་བསྡུ་བའི་བརྡ་ཁྱབ་འགྲེམ་སྤེལ་བྱས་པ་དང་། དེས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམིགས་བསལ་དགེ་རྒན་བསྡུ་བའི་བྱ་བ་དངོས་སུ་མགོ་བརྩམས་པ་མཚོན་ཡོད།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་ལས་གཞིའི་རྫོང་བཅུ་གསུམ་ལ་དམིགས་བསལ་ལས་གནས་ཀྱི་དགེ་རྒན་བརྒྱ་དང་ང་གསུམ་བསྡུ་རྒྱུ་རེད། དེའི་ནང་ཟི་ལིང་གྲོང་ཁྱེར་ལ་དགེ་རྒན་དྲུག་ཅུ་དང་མཚོ་ཤར་གྲོང་ཁྱེར་ལ་དགེ་རྒན་སུམ་ཅུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ལ་དགེ་རྒན་ཉི་ཤུ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་དགེ་རྒན་ལྔ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ལ་དགེ་རྒན་ཉེར་གཅིག མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ལ་དགེ་རྒན་བཅུ་བདུན་བསྡུ་རྒྱུ་རེད།

འབྲོག་ཁུལ་གྱི་བོད་རྒྱ་སྐད་གཉིས་སློབ་གསོའི་དགོས་མཁོར་དམིགས་ནས། ད་ལོར་བསྡོམས་པས་སྐད་གཉིས་དགེ་རྒན་གྱི་ལས་གནས་བཅུ་བཀོད་སྒྲིག་བྱས་ཡོད་པ་དང་དགེ་རྒན་བཅུ་གསུམ་བསྡུ་རྒྱུའི་འཆར་གཞི་ཡོད། དགེ་རྒན་བསྡུ་བའི་ལག་བསྟར་ཇུས་གཞི་ལྟར་ན་ཟླ་ལྔ་བའི་ཚེས་གཉིས་ཉིན་ནས་ཚེས་བརྒྱད་ཉིན་བར་དྲ་ཐོག་མིང་ཐོ་འགོད་དགོས་པ་དང་། ཟླ་དྲུག་པའི་ཚེས་གསུམ་ཉིན་གཅིག་གྱུར་སྒོས་ཡིག་རྒྱུན་ལེན་རྒྱུ་རེད། སྔོན་དཔག་བྱས་ན་ཟླ་བརྒྱད་པའི་ཟླ་སྟོད་ལ་ཐེངས་འདིའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་བསྡུ་བའི་ལས་འགན་ཡོངས་འགྲུབ་བྱེད་རྒྱུ་རེད།