མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ཉེན་རྟོག་ཕྱོགས་ཀྱིས་དབྱར་རྩྭ་བརྐོ་བའི་དུས་སྐབས་ཀྱི་བདེ་སྲུང་བྱ་བར་བཀོད་སྒྲིག་བྱས།
2017.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 2

 མིག་སྔར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆུ་ལེན་རྫོང་སྤྱི་བདེ་ཅུའུ་དང་འབྲོང་ལུང་མངག་གཏོང་ཁང་། འབྲོང་ལུང་ཞང་སྲིད་གཞུང་དང་དེ་མིན་སྡེ་དམངས་ཨུ་ཡོན་ལྷན་ཁང་སོ་སོའི་འགན་ཁུར་མི་སྣ་བཅས་ཀྱིས་དབྱར་རྩྭ་བརྐོ་བའི་དུས་སྐབས་ཀྱི་བདེ་འཇགས་འགན་སྲུང་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་ནས་དབྱར་རྩྭ་བརྐོ་བའི་དུས་སྐབས་ཀྱི་བདེ་འཇགས་འགན་སྲུང་བྱ་བར་བཀོད་སྒྲིག་བྱས།

ཚོགས་འདུའི་སྟེང་། འབྲོང་ལུང་མངག་གཏོང་ཁང་གི་འགན་ཁུར་མི་སྣས་ལོ་སྔོན་མ་དག་གི་དབྱར་རྩྭ་བརྐོ་བའི་སྐབས་ཀྱི་ཁོངས་གཏོགས་ས་ཁུལ་དུ་གྱོད་དོན་བྱུང་བའི་གནས་ཚུལ་དང་འགལ་བའི་རྩོད་གཞི་བྱུང་བའི་གནས་ཚུལ་ལ་དམིགས་ནས། ཧུར་ཐག་གིས་སྡེ་བ་རིམ་པའི་རྩ་འཛུགས་སྐུལ་སློང་བྱེད་དགོས་པ་དང་མང་ཚོགས་ཀྱིས་མང་ཚོགས་འགོག་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་དབྱར་རྩྭ་བརྐོ་བའི་སྐབས་སུ་རྡུང་རེས་བྱེད་པ་སོགས་ཀྱི་གྱོད་དོན་འབྱུང་བར་འགོག་སྲུང་ནན་མོ་བྱེད་དགོས་པ་དང་། སྡེ་བ་སོ་སོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཉེན་རྟོག་པ་རྣམས་ཀྱིས་དུས་ཐོག་ཏུ་རང་སྡེ་བའི་མང་ཚོགས་སྐུལ་སློང་བྱས་ཏེ་ཕྱིར་འཚོང་དང་འགན་གཙང་ལེན་བྱས་པའི་རྩྭ་ར་དང་བརྐོ་མཁན་གྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས་མངག་གཏོང་ཁང་དུ་ཡོང་ནས་ཐོ་འགོད་བྱེད་དགོས། དབྱར་རྩྭ་བརྐོ་བའི་སྐབས་སུ་སྡེ་དམངས་ཨུ་ཡོན་ལྷན་ཁང་སོ་སོ་དང་རྩྭ་རའི་འགན་གཙང་ལེན་བྱས་པའི་མི་སྣ་དག་གིས་དོ་དམ་ལ་ཤུགས་སྣོན་བྱས་ཏེ་དྲག་ཤུགས་ཀྱི་དོན་རྐྱེན་འབྱུང་བར་གཏན་འགོག་བྱེད་དགོས་པའི་རེ་བ་བཏོན། འབྲོག་ལུང་ཞང་སྲིད་གཞུང་གིས་སྡེ་བ་སོ་སོའི་དབྱར་རྩྭའི་རྩྭ་ར་ཕྱིར་འཚོང་དང་འགན་གཙང་ལེན་བྱས་ཟིན་པའི་འབྲོག་ཁྱིམ་དག་གིས་ཞང་སྲིད་གཞུང་བར་བདེ་འཇགས་སྲུུང་སྐྱོབ་ཀྱི་འགན་འཁྲིའི་ཡི་གེ་འགོད་དགོས་པ་དང་། ཞང་སྲིད་གཞུང་དང་མངག་གཏོང་ཁང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གྲུབ་པའི་དབྱར་རྩྭ་བརྐོ་བའི་སྐབས་ཀྱི་ཐོལ་བྱུང་དོན་རྐྱེན་ལ་སྐབས་བསྟུན་འགོག་སྲུང་བྱ་བ་གཏན་ཁེལ་བྱེད་དགོས་པའི་རེ་བ་བཏོན།