
ཚོགས་རའི་ཡུལ་དངོས་ཀྱི་པར།

ཡིག་མཁན་རྣམས་ཀྱིས་ཡུལ་དངོས་སུ་ཕྱག་བྲིས་སྤེལ་བ།

ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཡིག་རིས་སྒྱུ་རྩལ་འགྲེམ་སྟོན་ལ་བལྟ་བ།
སྤྱི་ཟླ་ལྔ་བའི་ཚེས་ལྔ་ཉིན་ལ། མང་རྫོང་མི་རིགས་ཡིག་རིས་པར་ལེན་མཐུན་ཚོགས་དབུ་བརྙེས་པའི་མཛད་སྒོ་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་བྱམས་བརྩེ་སློབ་གླིང་དུ་བསྡུས།
ཐེངས་འདིའི་མཛད་སྒོའི་སྟེང་དུ་མང་རྫོང་མི་རིགས་ཡིག་རིས་མཐུན་ཚོགས་ཀྱི་འགན་འཛིན་པས་མཐུན་ཚོགས་འདི་བཙུགས་པའི་གོ་རིམ་དང་ཀུན་སློང་སོགས་རེ་རེ་བཞིན་གླེང་ཞིང་། ཀོས་ནན་རྫོང་རྒྱུན་ལས་ཨུ་ཡོན། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་འབྲུག་འབུམ་རྒྱལ་གྱིས་ཡིག་གཟུགས་འཕེལ་རྒྱས་ཀྱི་དགོས་པ་དང་གལ་ཆེན་རང་བཞིན། མ་འོངས་པར་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་དུ་མང་རྫོང་མི་རིགས་རིག་གནས་སྒྱུ་རྩལ་དང་ལྷག་པར་དུ་བོད་རྒྱ་ཡིག་རིས་སྒྱུ་རྩལ་འདི་སློབ་སྔོན་སློབ་གསོའི་རྨང་གཞི་རུ་རྐང་བཙུགས་ནས་འཕེལ་རྒྱས་སུ་གཏོང་བར་འབད་པ་བྱ་དགོས་པར་བསྟན། མཇུག་མཐར་ཡིག་རིས་སྒྱུ་རྩལ་འགྲེམ་སྟོན་དང་། ཡིག་མཁན་རྣམས་ཀྱིས་ཡུལ་དངོས་སུ་ཕྱག་བྲིས་སྤེལ་བ་བཅས་ཀྱི་བྱ་འགུལ་སྤེལ་བ་རེད།
ཐེངས་འདིའི་ཡིག་རིས་སྒྱུ་རྩལ་འགྲེམ་སྟོན་འདི་ལས་མི་རིགས་རིག་གནས་སྒྱུ་རྩལ་འཕེལ་རྒྱས་སུ་བཏང་ནས། མ་འོངས་པར་སློབ་གསོ་སྡེ་ཁག་སོ་སོ་རུ་མཐོང་ཆེན་བླ་མེད་བྱས་ཏེ། ས་གནས་ཀྱི་རྗེས་རབས་ཤེས་ལྡན་པ་མང་པོ་གསོ་སྐྱོང་བྱེད་པའི་དོན་སྙིང་གལ་ཆེན་ལྡན།